མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད།
མཐོང་རིས་
མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད།
[རྩོམ་སྒྲིག]རྟོག་གེ་བ་དྲུག རྗེས་སུ་སྒྲོགས་པ་དྲུག སྙོམ་པར་འཇུག་པ་དྲུག དེ་ལས་དང་པོ་ནི། ༡ འོད་སྲུང་རྫོགས་བྱེད། ༢ ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། ༣ སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན། ༤ མི་ཕམ་སྐྲའི་རལ་བ་ཅན། ༥ ཀཱ་བའི་བུ་ནོག་ཅན། ༦ གཅེར་བུ་བ་གཉན་གྱི་བུ་སྟེ་དྲུག་གོ ། གཉིས་པ་ནི། ༧ བྲམ་ཟེ་རྒྱུས་རྒྱལ། ༨ བྲམ་ཟེ་རྣས་རྡེག ༩ བྲམ་ཟེ་བཟང་ལྡན། ༡༠ བྲམ་ཟེ་ཚངས་པའི་སྲས། ༡༡ བྲམ་ཟེ་པདྨའི་སྙིང་པོ། ༡༢ བྲམ་ཟེ་དམར་པོ་སྟེ་དྲུག་གོ ། གསུམ་པ་ནི། ༡༣ རངས་བྱེད་ཀྱི་བུ་ལྷག་སྤྱོད། ༡༤ སྒྱུ་རྩལ་ཤེས་གྱི་བུ་རིང་འཕུར། ༡༥ ཀུན་ཏུ་རྒྱུ་རབ་བཟང་། ༡༦ བྲམ་ཟེ་ཁྱེའུ་ཀུན་རྒྱལ། ༡༧ དྲང་སྲོང་ཉོན་མོངས་མེད་པ། ༡༨ ལྟེང་རྒྱས་འོད་སྲུང་རལ་པ་ཅན་དང་དྲུག་གོ །
མངོན་པར་འབྱུང་བའི་མདོ་ཇི་བཞིན་བཀོད་ཡོད།