མིའི་རིགས་ཀྱི་འབྱུང་ཁུངས།

ཡོང་ཁུངས་Wikipedia


སྤྱིར་ད་ལྟ་ཡིན་ན། ལོ་ངོ་ཁྲི་ཉིས་སྟོང་ལྔ་བརྒྱ་ནས་ལོ་ངོ་ཁྲི་ཉིས་སྟོང་ཐམ་པའི་བར་གྱི་ཡར་སྔོན་དུ། མི་དང་། སྤྲ། དམིགས་གསལ་དུ་ཧྥེ་གླིང་གི་སྤྲ་ལ། གཅིག་མཐུན་གྱི་མེས་པོ་ཞིག་ཡོད་པར་ངོས་འཛིན་བྱེད་ཀི་ཡོད། སྐབས་གཅིགི་རིང་ལ། ཧྥེ་གླིང་གི་ཤར་ངོས་དང་། རྒྱ་གར་གྱི་བྱང་ངོས། ད་དུང་ཡུ་རོབ་ཏུ། [ནགས་ཀྱི་གདོན་མའི་སྤྲ་མི་](Dryopithecinae)ཞེས་བྱ་བའི་དུས་ཚོད་དེའི་ཁོངས་ཀྱི་[རིག་ལྡན་སྲོག་ཆགས་](Primates)སྣ་ཚོགས་ཀྱི་རྡོ་འགྱུར་རྙེད་པ་རེད། ཁོ་ཚོའི་གཟུགས་བོངས་དང་། སུག་བཞིའི་གྲུབ་ཚུལ་གྱི་ངོས་ནས། དེང་གི་སྤྲ་མི་གཉིས་དང་ཁྱད་པར་ཆེན་པོ་ཡོད་ནའང་། སྡོང་པོའི་སྒང་ལ་འདུག་པའི་སྤྲ་དང་། རྗེས་ཀྱི་ནགས་དང་ཁ་བྲལ་ནས་ཡངས་པའི་རྩ་ཐང་ཐོག་ལ་རྐང་འགྲོས་བྱེད་པའི་སྲོག་ཆགས་རྣམས་ནི། ཁོ་ཚོའི་རྒྱུད་པར་ངེས་པ་ནི་གཏན་འཁེལ་རེད། ཡང་མིན་ན། དུས་ཚོད་དེ་ལས་སྔ་བའི་[རྐང་གཉིས་](Hominidae)སྲོག་ཆགས་འགའ་ཟས་འཚོལ་བ་སྟེ། ལྷག་ཏུ་སྲོག་ཆགས་གཞན་གྱིས་ཟས་མེད་པའི་རྩི་ཤིང་གི་འབྲས་བུ་དང་ཤིང་འབྲས་རྣམས་འཚོལ་བའི་ཆེདུ་ས་ལ་བབ་པར་ངེས་ཏེ། དེ་མ་གཏོགས།རྗེས་ལ་མི་རུ་འགྱུར་སོང་བའི་རྐང་གཉིས་སྲོག་ཆགས་དེ་ཚོ། སའི་སྒང་ལ་བབ་ནས་འཚོ་དགོས་པའི་རྒྱུ་མཚན་རྙེད་དུ་མེད།

རྐང་པ་གཉིས་ལ་བརྟེན་ནས་ཀེར་གྱིས་འགྲོ་བ་ཁོ་ཚོའི་འགུལ་བསྐྱོད་ཀྱི་འདམ་ཁ་ཡག་ཤོས་དེ་མིན་ནའང་། དེས། ལག་དཔུང་ལ་ཡན་པ་སླེབས་ནས་ལས་ཀ་གཞན་པའི་ཐོག་འཇུ་རྒྱུ་བྱུང་བ་རེད། སྤྱིར་བཏང་ནས་བཤད་ན། རིག་ལྡན་སྲོག་ཆགས་རྣམས་ལ། འཕེལ་འགྱུར་ལེགས་པའི་ལག་པ་གཉིས་མཆིས་པས། ཉེན་ཁ་མང་ཞིང་འགྱུར་ལྡོགི་རྦ་རླབས་འཕྱོ་སའི་ནགས་ཀྱི་ཁོར་ཡུག་ཏུ། ཁོ་ཚོས་མ་ལག་བདེ་པོའི་ངང་ནས་ཤིང་སྡོང་ལ་འཛེགས་ཤིང་། གང་བདེར་འགུལ་བསྐྱོད་བྱ་བ་རེད། ད་ལྟ། འགུལ་བྱེད་ཀྱི་ཆ་སྟེ། ལག་པ་གཉིས་སྔར་བས་འཕེལ་འགྱུར་དུ་ཕྱིན་ནས། ཁོས་ལག་ཆ་སྟབས་བདེ་འགའ་བཟོ་ཐུབ་ནས་ཟ་བཅའ་འབོར་བ་དང་རྒྱུ་ཆ་འཛུགས་བསྐྲུན་བྱེད་ནས་"ཁྱིམ་"ཞིག་བསྐྲུན། མ་ཟད། ཨ་མས་ཕྲུ་གུ་དམར་འབྱར་པང་ལ་བཏབ་ནས་གཟུགས་པོ་དང་ཐུག་པའི་ནུ་མ་སྣུན་ཐབས་ཀྱང་ཤེས་པ་རེད། བྱེད་ནུས་རྣམས་ཡག་པའི་ཕྱོགས་སུ་རེ་མུས་བཞིན་འཕེལ་འགྱུར་ཕྱིན་པ་དང་བསྟུན་ནས། ཀླད་པའི་དྲན་པ་དང་། ཤེས་པ། དེ་བཞིན་ཤ་རྒོད་འགུལ་བསྐྱོད་ཀྱི་སྟངས་འཛིན་ནུས་པའང་ལྟོས་བཅས་ཀྱི་ཡག་ཏུ་སླེབས་ཡོད།


《泰晤士世界历史地图集》གྱི་དུམ་བུ་ཞིག