མིའི་ཁོག་ཏུ་བརླམས་པ།
མིའི་ཁོག་ཏུ་བརླམས་པ།
[རྩོམ་སྒྲིག]ཆོས་སྐྱོང་སོགས་མིའི་ཁོག་པར་ཞུགས་པ། སྔར་སྤྱི་ཚོགས་རྙིང་པའི་སྐབས་ལྷ་ཕེབས་པའམ་ལྷ་འབབ་པ་ཞེས་ཟེར་བ་དེ་ཡིན། ལྷ་ཕེབས་པའི་སྲོལ་འདི་ནི་སྔར་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་པའི་རྗེས་སུ་ཐོག་མར་བྱུང་། དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་པོ་དོ་དྷི་སྭ་ཏྭ་སྤྱན་དྲངས་ནས་མཁན་པོས་ཆོས་གསུངས་པའི་དུས་སུ། བོད་ཀྱི་ལྷ་སྲིན་རྣམས་མ་དགའ་བར་མི་ནད་དང་ཕྱུགས་ནད་ལོ་ཉེས་གཏོང་། འཕང་ཐང་གི་གཙུགལག་ཁང་ཆུས་ཁྱེར། ལྷ་སའི་དམར་པོ་རི་ལ་ཐོག་བརྒྱབ་པ་སོགས་བྱུང་བས། བོད་ཀྱི་ལྷ་སྲིན་གདུག་ཅན་འདུལ་བའི་སློབ་དཔོན་པདྨ་རྒྱ་གར་ནས་སྤྱན་དྲངས། བོད་དུ་ཕེབས་རྗེས་བུ་དང་བུ་མོ་གཙང་མ་ལ་ཕྲ་ཕབས་པ་དང་། ལྷ་ཕབས་པ་སོགས་མཛད་ནས། སྔར་གནོད་པ་བྱེད་པ་པོ་ལྷ་སྲིན་སྡེ་བརྒྱད་སུ་ཡིན་དྲིས་ནས་དམ་ལ་བཏགས་ཤིང་། དེ་ནས་རིམ་གྱིས་ལྷ་ཕེབས་པའི་སྲོལ་དེ་བྱུང་། དེ་ནས་རབ་བྱུང་དང་པོའི་ནང་བཀའ་གདམས་ཀྱི་བསྟན་པ་དར་བ་ནས་དེའི་སྲོལ་ཉམས། དེ་ནས་ཀརྨ་པའི་བསྟན་པ་དར་བ་ནས་སླར་ཡང་ལྷ་ཕབས་པའི་སྲོལ་གོང་འཕེལ་དུ་ཕྱིན་པ་ཡིན་ནམ་སྙམ། ། (འདིའི་སྐོར་བསྐྱར་དུ་བརྟག་དཔྱད་དགོས།)