Jump to content

མིང་དག་གཞི་གཉིས་ཀྱི་དབྱེ་བ་

ཡོང་ཁུངས་Wikipedia

མིག་དག་གཞི་གཉིས་ལ་ཁྱད་པར་ག་འདྲ་ཡོད་དམ་ཞེ་ན། མིང་གཞི་རྐྱང་པ་ཡིན་ན་སྒྲ་དེ་མ་གཏོགས་དོན་དག་གོ་རྒྱུ་མེད་པ་དང་། མིང་ཡིན་ན་རྣམ་དབྱེ་དང་པོ་ནང་བཞིན་གྱི་དོན་དག་གོ་ཡོད་པ་ཞིག་རེད། མིང་དང་མིང་གཞི་གཉིས་ཀྱི་དབྱེ་བ་འབྱེད་སྟངས་ནི། དཔེར་ན། ཀ་ཁ༷་ག་ང༷་། ཅ་ཆ༷་ཇ༷་ཉ༷། ཏ་ཐ་ད་ན། པ་ཕ༷་བ་མ༷། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ༷། ར༷་ལ༷་ཤ༷་ས༷ ཧ་ཨ། རྟགས་འདི་ ༷ ནི་མིང་དང་མིང་གཞི་གཉིས་ཀ་ཡིན་པའི་རྟགས་ཡིན། བོད་ཀྱི་གསལ་བྱེད་སུམ་ཅུ་ཐམ་པའི་ནང་ནས་མིང་གཞི་རྐྱང་པ་བཅོ་བརྒྱད་དང་། མིང་དང་མིང་གཞི་གཉིས་ཀ་ཡིན་པ་བཅུ་གཉིས་ཡོད་པ་རེད། དེ་ནས་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ཟུར་དུ་འདོན་དགོས་པ་རེད།