མི་སློབ་ལམ།
མཐོང་རིས་
མི་སློབ་ལམ།
[རྩོམ་སྒྲིག]ཐེག་པ་རང་རང་གི་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་མངོན་རྟོགས། མི་སློབ་ལམ་གྱི་མཚན་ཉིད། མཚན་གཞི་ནི། ཐེག་པ་གསུམ་རང་རང་གི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་དེའོ། སྒྲ་བཤད་ནི་ཐེག་པ་རང་རང་གི་ལམ་ལ་གསར་དུ་སློབ་མི་དགོས་པའི་ལམ་ཡིན་པས་མི་སློབ་ལམ་ཞེས་བྱ། དབྱེ་ན་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་མི་སློབ་ལམ་དང་གསུམ་ཡོད་དོ། །