Jump to content

མི་ཤིགས་པའི་རླུང་སེམས།

ཡོང་ཁུངས་Wikipedia

མི་ཤིགས་པའི་རླུང་སེམས།

[རྩོམ་སྒྲིག]

སྙིང་ཁའི་མི་ཤིགས་པའི་ཐིག་ལེའི་དབུས་སུ་ཡོད་པའི་རླུང་སེམས་ཤིན་ཏུ་ཕྲ་བ་དེ་ཡུལ་ཀུན་ལ་འཇུག་པའི་ཆ་ནས་སེམས་དང་གཡོ་བའི་ཆ་ནས་རླུང་ཞེས་ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་མིང་ཐ་དད་དུ་བཏགས་པ་ཡིན། དེ་ཉིད་དུས་ནམ་ཡང་རྒྱུན་ཆད་རྒྱུ་མེད་ཅིང་། འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་པའམ། སངས་མ་རྒྱས་བར་དུ་ཡོད་ཅིང་། དེ་ནས་ཀྱང་རྒྱུན་ཆད་མི་སྲིད་པ་ཡིན་ཟེར། །