མི་ལ་ལ་ས་ཆུ་མི་འཕྲོད་པའི་རྒྱུ་མཚན་ཅི་ཡིན་

ཡོང་ཁུངས་Wikipedia

དུས་རྒྱུན་གྱི་འཚོ་བའི་ནང་། གནས་ཚུལ་འདི་འདྲ་རྟག་ཏུ་ཐུག་མྱོང་སྟེ།མི་རྣམས་ས་ཆ་གཞན་ལ་སོང་ན་ཁོར་ཡུག་བརྗེས་བའི་རྐྱེན་གྱིས་ཟས་ལ་དང་ག་མེད་པ་དང་། གཉིད་མེད་པ་དང་མགོ་ཡུ་འཁོར་བ།དབང་བོ་མི་གསལ་བ་སོགས་ཀྱི་གནས་ཚུལ་འབྱུང་། དེ་མ་ཟད་ད་དུང་ཤ་སྐམ་པར་གྱུར་བ་དང་། ཁོག་པ་འཁྲུ་བ། སྐྱི་པགས་སོགས་ལ་ཟ་འཕྲུག་བྱུང་བའི་ནད་རྟགས་མང་པོ་མངོན་ཡང་ནད་མ་ཡིན་དེ། དེ་ནི་འཁོར་ཡུག་བརྗེས་པ་ལས་བྱུང་བའི་ས་ཆུ་མི་འཕྲོད་པ་ཞེས་པ་དེ་ཡིན་ནོ།།

རྒྱུན་གཏན་དུ་གྱུར་པའི་མི་སུ་ཡིན་རུང་ཁོར་ཡུག་བརྗེས་ན་ས་ཆུ་མི་འཕྲོད་པའི་རྒྱུན་མཚན་ཅི་ཡིན་ཞེ་ན།དེ་ནི་ལུས་ཁམས་ཀྱི་མཁའ་དབུགས་གསར་པ་དང་ས་ཆུ་གསར་པ།ཟས་མ་གོམས་པ་སོགས་ཀྱི་གྱུར་བ་སྟེ།དབང་རྩ་ནི་མིའི་ལུས་ཁམས་བཀོད་སྒྲིག་བྱེད་མཁན་གྱི་གཙོ་དཔོན་ཡིན་པ་མ་ཟད། ལུས་ཀྱི་འབྱུང་ཁམས་དང་རང་བྱུང་ཁམས་གཉིས་ཀྱི་བར་དུ་ཕན་ཚུན་འབྲེལ་བ་དང་ནུས་པ་འདོན་སྤེལ་བྱེད་མཁན་ཡང་ཡིན།ས་ཆུ་མི་འཕྲོད་པའི་དུས་སུ་ལུས་ཁམས་སྙོམས་སྒྲིག་བྱེད་མཁན་ཡང་ཡིན། གློ་བུར་དུ་འཁོར་ཡུག་གསར་པ་ཞིག་ལ་སླེབས་སྐབས།ལུས་ཀྱི་འབྱུང་ཁམས་དང་ཕྱིའི་འཁོར་ཡུག་བར་དུ་འབྲེལ་བ་རྙོག་འཛིན་ཅན་དུ་གྱུར་པས་ན། དབང་རྩའི་སྙོམས་སྒྲིག་ནུས་པས་སྙོམས་སྒྲིག་བྱེད་མ་ཐུབ་པར་ལུས་ཀྱི་འབྱུང་ཁམས་འཁྲུགས་ནས་ས་ཆུ་མི་འཕྲོད་པའི་རྟགས་ཐོན་པ་ཡིན་ནོ།།

འོན་ཀྱང་། ང་ཚོ་མིའི་རིགས་ལ་རང་ཤུགས་ཀྱི་ས་ཆུ་མི་འཕྲོད་པའི་རང་བཞིན་ལྡན་པས་ན་འབྱུང་བཞི་སྙོམས་སྒྲིག་བྱེད་ཐུབ་པའི་ནུས་པ་ཡང་ལྡན་འདུག དེའི་དབང་གིས་རྒྱུན་ལྡན་གྱི་ས་ཆུ་མི་འཕྲོད་པ་ནི་སེལ་ཐུབ་ལ།ལྷག་པར་དུ་ལུས་སྟོབས་རྒྱས་པའི་གཞོན་ནུ་རྣམས་ནི་རྒན་པ་དང་བྱིས་པ་ལས་བཟང་། ལྷག་ཏུ་ས་ཆུ་མི་འཕྲོད་པའི་གནས་ཚུལ་འདི་སེལ་སླ་བ་ཡིན་ནོ། ། རྩོམ་ཁུངས་ མི་ལུས་ཚན་རིག་གི་སྐོར།