Jump to content

མི་རྩ།

ཡོང་ཁུངས་Wikipedia

མི་རྩ།

[རྩོམ་སྒྲིག]

མི་རྩ་ནི་མི་སེར་རམ་རྩ་བའི་མི་སེར་ཡིན་པིའ་དོན་ཏེ། དེ་སྔ་བོད་དུ་དམང་གཙོའི་བཅོས་བསྒྱུར་གོང་མི་སེར་རྣམས་གཞུང་སྒེར་ཆོས་གསུམ་སུའི་ཁོངས་སུ་གཏོགས་ཀྱང་དེའི་མི་རྩ་ཟེར་ཞིང་ཏཱ་ལ་བླ་མའི་ཞབས་ཁོངས་ཀྱ་ཐད་ཀའི་མི་སེར་ལ་སྐྱབས་མགོན་གསོལ་ལྕོག་སྟེང་གི་མི་རྩ་ཞེས་གནས་བབ་ཅུང་མཐོ་ལ་ཁྲལ་འུལ་ཅུང་ཡང་བ་ཡོད་པ་དང་། གཞན་ཡང་སྐུ་དྲག་དང་སྒེར་པའི་ཁྱིམ་རྒྱུད་མི་སེར་ལ་སྒེར་པའི་མི་རྩ། དགོན་སྡེའི་ཁོངས་ཀྱི་མི་སེར་ལ་ཆོས་གཞིས་མི་རྩ། དེ་སྔའི་བོད་ས་གནས་སྲིད་གཞུང་སྟེ་སྡེ་པ་གཞུང་གི་མི་སེར་ལ་སོ་ནམ་ལས་ཁུངས་ཀྱི་མི་རྩ་ཟེར་བཅས་སོ། །

"https://bo.wikipedia.org/w/index.php?title=མི་རྩ།&oldid=86675"ལས་སླར་རྙེད་སོང།