མི་འདྲ་བའི་རྣལ་འབྱོར་བཞི།
མཐོང་རིས་
མི་འདྲ་བའི་རྣལ་འབྱོར་བཞི།
[རྩོམ་སྒྲིག]བཀའ་བརྒྱུད་ཆོས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ལམ་འགྲོ་ཚུལ་ལ་གནས་ཚད་མི་འདྲ་བའི་རྣལ་འབྱོར་བཞི་གསུངས་པའི་(རྩེ་གཅིག་དང་། སྤྲོས་བྲལ། རོ་གཅིག བློ་འདས་སམ་སྒོམ་མེད་བཅས་)ནང་གསེས་དང་པོ་རྩེ་གཅིག་གི་རྣལ་འབྱོར་ནི། རང་གི་སེམས་ལ་རྩེ་གཅིག་ཏུ་མ་ཡེངས་པར་དམིགས་པ་(འདི་ནི་སེམས་ལ་དམིགས་པའི་ཞི་གནས་སྒོམ་པ་དང་ཁྱད་པར་ཡོད་མེད་བརྟག་པ་)སྟེ། རྗེ་རྒོད་ཚང་པས་འདི་མདོ་ལུགས་ཀྱི་ཚོགས་ལམ་དང་སྦྱོར་ལམ་གྱི་དོད་ཡིན་པར་གསུངས། །