མི་འཇིགས་པ་བཞི།
མཐོང་རིས་
མི་འཇིགས་པ་བཞི།
[རྩོམ་སྒྲིག]སངས་རྒྱས་རྣམས་མི་འཇིགས་པ་བཞིའི་ཡོན་ཏན་ཐོབ་པས་སྐྲག་པ་མི་མངའ་བ་སྟེ་དེ་བཞི་ནི། ང་ནི་མངོན་པར་རྫོགས་པ་བྱང་ཆུབ་པོ་ཞེས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་བ་ལ་ཆོས་མཐུན་གྱི་འཇིག་རྟེན་རྒོལ་བ་མེད་པས་མི་འཇིགས་པ། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་དེ་ལ་རྒོལ་བ་གཞན་མེད་པས་མི་འཇིགས་པ། བར་དུ་གཅོད་པའི་ཆོས་བསྟན་པ་ལ་རྒོལ་བ་གཞན་མེད་པས་མི་འཇིགས་པ། ངེས་པར་འབྱུང་བའི་ཆོས་བསྟན་པ་ལ་རྒོལ་བ་གཞན་མེད་པས་མི་འཇིགས་པ་སྟེ། རྒྱས་པར་《མངོན་པ་མཛོད་གནས་བདུན་པ་》དང་ 《ཕར་ཕྱིན་སྐབས་བཞི་པའི་》འགྲེལ་པ་རྣམས་སུ་གསལ། །