Jump to content

མི་བྱེད་པ་ཞེ་དྲུག

ཡོང་ཁུངས་Wikipedia

མི་བྱེད་པ་ཞེ་དྲུག

[རྩོམ་སྒྲིག]

དཀོན་མཆོག་གསུམ་ལ་མི་མཆོད་པ། འདོད་པའི་སེམས་ཀྱི་རྗེས་སུ་འཇུག་པ། རྒན་པ་ལ་མི་གུས་པ། དྲིས་པ་ལ་ལན་མི་འདེབས་པ། མགྲོན་དུ་བོས་པ་ཁས་མི་ལེན་པ། གསེར་སོགས་བསྟབས་པ་མི་ལེན་པ། ཆོས་འདོད་པ་ལ་མི་སྦྱིན་པ། མ་རུངས་པ་དང་ཚུལ་འཆལ་ཡལ་བར་འདོར་བ། ཕ་རོལ་ལ་དད་ཕྱིར་ཐུན་མོང་བའི་བཅས་པར་མི་སློབ་པ། སེམས་ཅན་གྱི་དོན་ལ་བྱ་བ་ཆུང་ངུར་གནས་པ། ལོག་འཚོ་ལྔ་དང་དུ་ལེན་པ། འཕྱར་ནས་རབ་ཏུ་རྒོད་པ་སོགས་བྱེད་པ། འཁོར་བ་གཅིག་པུ་བགྲོད་པར་སེམས་པ། གྲགས་པ་མ་ཡིན་པ་མི་སྤོང་བ། གཞན་དོན་དུ་འགྱུར་བཞིན་སྦྱོར་བ་རྩུབ་མོས་མི་འཆོས་པ། དགེ་སྦྱོང་གི་ཆོས་བཞི་དང་བྲལ་བ། ཁྲོས་པ་རྣམས་ཡལ་བར་འདོར་བ། ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་བ། ཁྲོས་པའི་རྗེས་སུ་འཇུག་པ། རྙེད་བཀུར་འདོད་པས་འཁོར་བསྡུ་བ། ལེ་ལོ་སོགས་སེལ་བར་མི་བྱེད་པ། བྲེ་མོའི་གཏམ་ལ་ཆགས་པ། ཏིང་ངེ་འཛིན་གྱི་དོན་མི་འཚོལ་བ། སྒྲིབ་པ་ལྔ་མི་སྤོང་བ། བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་བ་འདེབས་པ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། བསམ་གཏན་གྱི་རོ་ལ་ཡོན་ཏན་དུ་ལྟ་བ། ཉན་ཐོས་ཀྱི་ཐེག་པ་སྤོང་བ། རང་ཚུལ་ཡོད་བཞིན་བོར་ནས་ཧ་ཅང་དེ་ལ་མི་བརྩོན་པ། ཕྱི་རོལ་པའི་གཞུང་ལ་མཐའ་གཅིག་ཏུ་བརྩོན་པ། དེ་ལ་དགའ་བཞིན་དུ་བརྩོན་པ། ཆོས་བགྲོ་བའི་ཆེད་དུ་འགྲོ་བར་མི་བྱེད་པ། ཆོས་སྨྲ་བ་ལ་སྨོད་ཅིང་ཚིག་ལ་རྟོན་པ། དགོས་པའི་གྲོགས་སུ་མི་འགྲོབ། ནད་པའི་རིམ་འགྲོ་སྤོང་བ། སྡུག་བསྔལ་སེལ་བར་མི་བྱེད་པ། བདག་མེད་པ་ལ་རིགས་པ་མི་སྟོན་པ། ཕན་ལན་མི་བྱེད་པ། གཞན་གྱི་མྱ་ངན་མི་སེལ་བ། ནོར་འདོད་པ་ལ་མི་སྦྱིན་པ། འཁོར་རྣམས་ཀྱི་དོན་མི་བྱེད་པ། གཞན་གྱི་བློ་དང་མཐུན་པར་མི་བྱེད་པ། ཡོན་ཏན་གྱི་བསྔགས་ལ་མི་བརྗོད་པ། སྐྱོན་དུ་འཚམ་པར་ཚར་མི་གཅོད་པ། རྫུ་འཕྲུལ་གྱིས་བསྡིགས་པར་མི་བྱེད་པ། སྙིང་རྩེ་ཅན་ལ་སྐབས་སི་བབས་པ། ལུས་ངག་གིས་བདུན་གནང་བ་མི་བྱེད་པའོ། །