མི་བརྗེད་པའི་གཟུངས།
མཐོང་རིས་
མི་བརྗེད་པའི་གཟུངས།
[རྩོམ་སྒྲིག]སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལ། སྔར་ཐོས་པའི་གསུང་རབ་ཀྱི་ཚིག་དོན་རྣམས་མི་བརྗེད་པ་ཞིག་བྱུང་ཚེ། མི་བརྗེད་པའི་གཟུངས་ཐོབ་པར་འཇོག་པ་ཡིན། སྔར་ཐོས་པའི་གསུང་རབ་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་དྲན་པ་དང་ཏིང་ངེ་འཛིན་ནི་མི་བརྗེད་པའི་གཟུངས་གཙོ་བོ་ཡིན། གཟུངས་སྔགས་ཨ་ར་པ་ཙཱ་སོགས་ནི་མི་བརྗེད་པའི་གཟུངས་ཕལ་པ་ཡིན། དེ་རྣམས་གོ་བ་རགས་པའི་དབང་དུ་བྱས་པ་ཡིན། །