Jump to content

མི་ཉག་རུ་ཡོང་བཟའ།

ཡོང་ཁུངས་Wikipedia

མི་ཉག་རུ་ཡོང་བཟའ།

[རྩོམ་སྒྲིག]

(རུ་ཡོང་བཟའ་རྒྱལ་མོ་བཙུན་ཡང་ཞུ་)སྲོང་བཙན་གྱི་རིགས་མཐུན་བཙུན་མོ་གསུམ་གྱི་ཡ་གྱལ། མི་ཉག་རྒྱལ་པོའི་སྲས་མོ། འདི་ཉིད་ཀྱིས་བྲག་ལྷ་མགོན་པོའི་ལྷ་ཁང་(ལྕགས་པོ་རིའི་གཤམ་འོག་གི་བྲག་ལྷ་ཀླུ་སྒུག་གི་ལྷ་ཁང་འདི་ཡིན་)བཞེངས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་“རུ་ཡོང་བཟས་བྲག་ལྷ་ཀླུ་ཕུག་གི་སྐུ་རང་བྱུང་རྣམས་གསལ་བར་བསྐོས་ཏེ་ཚྭ་ལ་བརྒྱད་བཅུ་སྡེའི་དུས་བྲག་ཕྱེ་བྲེ་རེ་ཕེད་པ་ལ་ཚྭ་བྲེ་རེ་བྱིན་ནས་བྲག་ལ་སྐོར་ཁང་བརྐོས་”ཞེས་གསལ་བ་སྟེ་དེང་གི་དུས་སུ་ཡང་རང་ཅག་ཚང་མའི་མཐོང་ཆོས་སུ་གྱུར་པའི་བྲག་རྡོ་སྐོར་ཁང་ཅན་གྱི་བྲལ་ལ་ཇོ་བོ་ཤཱཀྱའི་སྐུ་གཟུགས་འབུར་དུ་དོད་པ་གཙོ་བོར་བྱས་པའི་ལྷ་སྐུ་དང་སྲོང་བཙན་སྒམ་པོ་སོགས་ཀྱི་སྣང་བརྙན་སྣ་ཚོགས་ཡོད་པའི་བྲག་ཕུག་འདི་ཡིན། གཞན་ཡང་རུ་ཡོང་བཟས་མིག་མང་ཚལ་གྱི་ལྷ་ཁང་བཞེངས་ཞེས་པའང་སྣང་། །