མི་གནས་པའི་མྱང་འདས།
མཐོང་རིས་
མི་གནས་པའི་མྱང་འདས།
[རྩོམ་སྒྲིག]《མངོན་རྟོགས་རྒྱན་》ལས། ཤེས་པས་སྲིད་ལ་མི་གནས་ཤིང་། ། སྙིང་རྗེ་ཞི་ལ་མི་གནས་པ། ། ཞེས་པ་ལྟར་ཤེས་རབ་ཟབ་པས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པ་དང་། ཐབས་སྙིང་རྗེ་རྒྱ་ཆེ་བས་ཞི་བ་ཉན་རང་གི་མྱང་འདས་ཀྱི་མཐར་མི་གནས་པར་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། མངོན་པར་རྫོགས་པ་སངས་རྒྱས་པའོ། ། དེ་ཡང་སྲིད་མཐའ་སྟེ། འཁོར་བ་བདེན་པར་འཛིན་པའི་བདེན་འཛིན་དེའོ། ། དེ་ལྟར་འཛིན་ན་སྲིད་མཐར་ལྷུང་ནས་མྱུར་དུ་སངས་རྒྱས་མི་ཐོབ་པའོ། ། ཞི་མཐའ་སྟེ། མྱ་འདས་བདེན་པར་འཛིན་པའི་བདེན་འཛིན་དེའོ། ། དེ་ལྟར་འཛིན་ན་ཞི་མཐར་ལྷུང་ནས་གཞན་དོན་ཆད་པའོ། །