མཱ་
མཱ་ (སཾ་སྐྲིཏ: मा, mā) ནི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་གི་དགག་ཚིག་ཅིག་ཡིན།
ཚིག་གོ་དོན།
[རྩོམ་སྒྲིག]སྔགས་ཀྱི་ཚིག་"བཛྲ་མཱ་མེ་མུཉྩ"ནང་གི་མཱ་འདི་ནི་དགག་ཚིག་སྟེ། ལུང་ཁུངས་ཆེན་པོ་ཁག་ནས་བཤད་པ་ལྟར་ན།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། " མ་ནི་དགག་སྒྲ། མེ་ནི་བདག། མུཉྩ་དོར་ཅིག་ ཅེས་པ་སྟེ་དེ་རྣམས་བསྡོམས་ན། རྡོ་རྗེ་བདག་ནི་མ་དོར་ཅིག "[༡]
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "མཱ་ཞེས་པ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཅེས་པར་འགྱུར་བས་བསྡོམས་ན་བདག་མ་དོར་ཞེས་སོ།།"[༢]
ཆོས་ཀྱི་གོ་དོན།
[རྩོམ་སྒྲིག]དོན་དམ་པའི་གོ་དོན།
[རྩོམ་སྒྲིག]"རྡོ་རྗེ་སེམས་དཔའ་དེ་ཉིད་ནི་སྔོན་ཆད་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་རང་ངོ་མ་ཤེས་པས་ནོར་ལ། ད་ནི་བླ་མའི་བཀའ་དྲིན་གྱིས་རང་རིག་རྡོ་རྗེ་སེམས་དཔའ་དེ་ངོ་རང་ཐོག་ཏུ་འཕྲོད"། [༣]དེར་བརྟེན་"རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་དེ་ལས་ནམ་ཡང་མི་འདའ་བའམ་དེ་ཉིད་མ་བོར་མཛོད་ཅིག"[༤]
ཀུན་རྫོབ་ཀྱི་གོ་དོན།
[རྩོམ་སྒྲིག]"དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བདག་མི་འབྲལ་བར་མཛོད་ཅིག"ཅེས་སམ། "དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་འཆིངས་བས་ནམ་ཡང་ལྷོད་པར་མ་མཛད་ཅིག"[༥]
སྔགས་ཀྱི་སྦྱོར་ཚུལ།
[རྩོམ་སྒྲིག]"རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྡིག་པའི་གཉེན་པོ་སྟོབས་བཞི་ཡོངས་རྫོགས་ཚང་བ་ཡིན།"[༦]
དམ་ཚིག་གི་ཆ་ནས།
[རྩོམ་སྒྲིག]"སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ།།"[༧]
ཡིག་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་ག་དོན་ཉུང་ངུ་།
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།