Jump to content

མར་མེ་དང་མར་མེའི་འོད་བཞིན།

ཡོང་ཁུངས་Wikipedia

མར་མེ་དང་མར་མེའི་འོད་བཞིན།

[རྩོམ་སྒྲིག]

རྒྱང་འཕེན་པས་སེམས་ལུས་ལ་ཁྱད་པར་གསུམ་གྱི་སྒོ་ནས་བརྟེན་པར་འདོད་དེ། དཔེར་ན་ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་སེམས་ཀྱི་བདག་ཉིད་དུ་གྱུར་པ་དང་། མར་མེ་དང་དེའི་འོད་བཞིན་དུ་སེམས་ལུས་ཀྱི་འབྲས་བུར་གྱུར་པ་དང་། རྩིག་པ་དང་དེའི་རི་མོ་བཞིན་དུ་སེམས་ལུས་ཀྱི་ཡོན་ཏན་དུ་གྱུར་པའི་ཚུལ་གྱིས་བརྟེན་པར་འདོད་པ་ལས་མར་མེ་དང་མར་མེའི་འོད་བཞིན་ཞེས་པ་ནི་སེམས་ལུས་ཀྱི་འབྲས་བུར་འགྱུར་བའི་དཔེའོ། །