མར་པ་དོ་བ་ཆོས་ཀྱི་དབང་ཕྱུག
མར་པ་དོ་བ་ཆོས་ཀྱི་དབང་ཕྱུག
[རྩོམ་སྒྲིག]འདི་ཉིད་ཡ་འབྲོག་དོ་ནང་དུ་རབ་བྱུང་དང་པའི་ཆུ་རྟ་(༡༠༤༢)ལོར་སྐུ་འཁྲུངས། འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས་ 《འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་བྱུང་བ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྟོགས་པ་ལེའུ་བདུན》《ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་པ་ལས་རྣམ་པར་རྒྱལ་བ》 ཞེས་བྱ་བ་ལེའུ་བཅུ་གཅིག་པ། 《དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དངོས་གྲུབ་རྟོགས་པ》ཞེས་བྱ་བ་ལེའུ་བཞི་སྟེ་རྟོག་པ་བཞི་པར་གྲགས་པ། བསྟན་འགྱུར་ལས། 《ཀྱཻ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས》《འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་མངོན་པར་རྟོགས་པ》དང་《དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔའི་འགྲེལ་པ》《 བཅོམ་ལྡན་འདས་དཔལ་དབེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིདནབཞིན་ནོར་བུ》 ཞེས་བྱ་བ། 《ཚོགས་ཀྱི་འཁོར་ལོའི་ཆོ་ག》《དཔལ་འཁོར་ལོ་སྡོམ་པའི་བསྡོད་པ་རྒྱ་ཆེན་པོ》《དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ》ཞེས་བྱ་བ་སོགས་མང་ངོ། །