མཚན་མཆུ་ཆེ་བ་

ཡོང་ཁུངས་Wikipedia

མཚན་མཆུ་ཆེ་བ། མཚན་ཕྱེའི་ངོས་གཉིས་དང་། བསེ་རུས་དང་ཉེ་བའི་ནང་ངོས་སུ་རིང་ཞིང་དབྱིབས་ཟླུམ་པོ་ཅན་འབུར་ལ་་མཉེར་མ་ཅན་ཡིན། ཕྱི་ངོས་ནི་པགས་པ་དང་འདྲ། རྒྱུན་དུ་རྨོངས་སྤུ་སྐྱེས་ཡོད། ནང་ངོས་ནི་འབྱར་སྐྱི་ཡིན། པགས་རིམ་ནང་དུ་ཚིལ་གྲུབ་འཛོམས་ཤིང་། བསྣད་པའི་རྗེས་སུ་ཁྲག་སྐྲངས་འབྱུང་སླ། བུད་མེད་ཀྱི་མཚན་མཆུ་ཆེ་བ་གཉིས་ནི་རང་བྱུང་གི་ཁ་ཟུམ་ཡོད་ལ། གསང་ལམ་ཁ་དང་གཅིན་ལམ་ཕྱིའི་ཁ་སོགས་བཀབ་ཡོད། རེད་པ་འགོག་པའི་ནུས་པ་ལྡན།