Jump to content

མནའ་འབྲེལ་རྒྱལ་ཁབ་དང་མཉམ་འབྲེལ་མཐུན་ཚོགས་

ཡོང་ཁུངས་Wikipedia

མནའ་འབྲེལ་རྒྱལ་ཁབ Federation ཡིན་ན་འདྲ་མཉམ་འབྲེལ་མཐུན་ཚོགས་confederation ཡིན་ན་འདྲ། ཚང་མ་ཐུན་མོང་གི་ཁེ་ཕན་ལ་དམིགས་ནས་བཙུགས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་ལ། ཆབ་སྲིད་ཚན་རིག་སྦྱངས་མ་མྱོང་མཁན་ཞིག་གིས་དེ་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་ལས་སླ་པོ་མེད་པས། འདིར་བདག་གིས་དེའི་སྐོར་ལ་མདོར་བསྡུས་ཤིག་བཤད་ཆོག

གཉིས་ཀ་ཆབ་སྲིད་ལམ་ལུགས་སམ་སྒྲིག་འཛུགས་ཡིན་པ་གང་ཞིག་ལ་༼མནའ་མཐུན་༽ གྱི་རྨང་གཞི་ཐོག་གསར་འཛུགས་བྱས་པ་རེད།་དེང་དུས་ཀྱི་ཆིངས་ཡིག་༼treaty ༽དང་གྲོས་མཐུན་༼Agreement ༽ཚང་མ་མནའ་རུ་བརྩི་ན་མ་འགྲིག་པ་མེད། རྡོག་རྡོག་ཞུ་ན་འདི་དང་འདི་བྱེད་མི་ཆོག་དང་། གན་དང་གན་བརྩི་གི་ཡིན་ཟེར་བའི་ཁས་ལེན་དམ་བཅའ་འབའ་ཞིག་རེད།ཡིན་ཡང་སྒྲིག་འཛུགས་དང་ལམ་ལུགས་འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད།


Federation་ཟེར་དུས་རང་བཙན་རྒྱལ་ཁབ་གཅིག་མངའ་ཁོངས་ཀྱི་ཆབ་སྲིད་སྒྲོམ་གཞི་ཞིག་གླེང་གི་ཡོད། དཔེར་ན། ཨ་རི་དང་རྒྱ་གར་ལྟ་བུ་རེད། རྒྱལ་ཁབ་འདི་དག་གི་ནང་གི་གཞུང་གི་དབང་ཆ་དབུས་དང་ས་གནས་སྲིད་གཞུང་དབར་ལ་བགོ་བཤའ་གཙང་མ་བརྒྱབ་ཡོད་པས། གཅིག་གཅིག་གི་དབང་ཆའི་ས་མཚམས་ནས་ཕར་མི་བརྒལ་བའི་དམ་བཅས་ཡོད། དེ་བས་རྒྱལ་ཁབ་མངའ་ཁོངས་ཀྱི་ས་གནས་མ་འདྲ་བ་སོ་སོར་གང་མཚམས་ཀྱི་རང་སྐྱོང་གི་ཐོབ་ཐང་ཕྱེད་ཀ་ཡོད། ༼partial autonomy༽ དེ་བས་མནའ་འབྲེལ་སྲིད་ལུགས་འདི་༼unitary state 单一政府༽ དང་ལྡོག་ཟླ་ཡིན།


མནའ་མཐུན་རྒྱལ་ཁབ་བམ་མནའ་མཐུན་ལམ་ལུགས་༼Federal system༽འདིའི་ཁྱད་ཆོས་ནི།

༡༽ Federal state མནའ་འབྲེལ་རྒྱལ་ཁབ་ལ་འཛིན་སྐྱོང་ལྟེ་གནས་རྒྱལ་ས་རེ་ཡོད། དཔེར་ན་ཨ་རིའི་ཝ་ཤིན་ཁྲོན་དང་རྒྱ་གར་གྱི་ལྡི་ལི་ལྟ་བུ་རེད།


༢༽ རྒྱབ་ཁབ་ཧྲིལ་བོ་ཉེན་ཁར་ཐུག་པའི་དུས་སྐབས་སུ་༼emergency state༽ཛ་དྲག་སྲིད་གཞུང་ཟེར་བའི་སྒྲིག་གཞི་ལག་བསྟར་བྱེད་ལ། དེ་དུས་དབུས་གཞུང་གིས༼federal government༽ ་རྒྱལ་ཁབ་ཀྱི་དབང་ཆ་ཡོངས་རྫོགས་གཅིག་སྡུད་བྱེད་ཆོག་པས་དེ་དུས་ས གནས་སྲིད་གཞུང༼state government༽ གི་དབང་ཆ་ཆ་ཚང་ཡལ་འགྲོ་བ་ཡིན། དཔེར་ན་འཇིགས་སྐུལ་པའི་དྲག་སྤྱོད་དང་། རང་བྱུང་གི་གོད་ཆག ནང་འཁྲུག་སོགས།


༣༽ Federal system མནའ་འབྲེལ་ལམ་ལུགས་འོག་ཏུ་ ༼member states༽ རྒྱལ་ཁབ་མངའ་ཁོངས་ཀྱི་ས་གནས་ཁག་རང་འདོད་ལྟར་རྒྱལ་ཁོངས་ནས་ཕྱི་རུ་འབུད་༼secession༽ མི་ཆོག་པ་དེ་རེད། ལམ་ལུགས་འདིའི་ཁོངས་ཀྱི་ས་གནས་ཁག་དང་བླངས་གི་ཐོག་ནས་རྒྱལ་ཁོངས་སུ་འཛུལ་མེད།



Confederation གཅིག་སྒྲིལ་མཐུན་ཚོགས་སམ་མཉམ་འབྲེལ་མཐུན་ཚོགས་ནི་རྒྱལ་ཁབ་མང་པོ་མཉམ་འདུས་ཀྱི་ཚོགས་པའམ་སྒྲིག་འཛུགས་ཤིག་རེད། དཔེ་མཚོན་ཡག་ཤོས་དེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་རེད། ༼European Union༽ མཐུན་ཚོགས་འདི་ཡང་གན་རྒྱ་དང་ཆིངས་ཡིག་གི་སྟེང་ནས་བྱུང་བ་ཞིག་རེད་ལ། ལམ་ལུགས་འདིའི་ཁོངས་ཀྱི་ཚོགས་མི༼member states༽ རྒྱལ་ཁབ་ཚང་མས་སོ་སོའི་རང་བཙན་༼sovereignty༽ བློས་གཏོང་བྱས་མེད་པ་དེ་ལམ་ལུགས་འདི་གཉིས་ཀྱི་ཁྱད་པར་གཙོ་བོ་རེད། ཚོགས་མི་རྒྱལ་ཁབ་དག་གིས་ཐུན་མོང་གི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། ཚོང་ལས་ཁྲོམ་ར་སོགས་ཀྱི་ཁེ་ཕན་ལ་དམིགས་ནས་དང་བླངས་གིས་ཐོག་མཉམ་རུབ་བྱས་པ་ཙམ་རེད། གལ་ཏེ་རྒྱལ་ཁབ་གཞན་པ་ཞིག་གིས་མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་ཚོགས་མི་གང་རུང་ལ་བརྙས་བཅོས་བྱས་ཚེ་དེ་ལ་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་ཁ་གཏད་གཅོག་རྒྱུ་དེ་རེད།

༡༽མཐུན་ཚོགས་འདི་ལ་རྒྱལ་ཁབ་གཅིག་ནང་བཞིན་གྱི་གྲོས་ཚོགས་གོང་འོག་གཉིས་༼European parliament +council༽ དང་འཛིན་སྐྱོང་བཀའ་ཤག་༼European commission༽ དང་། ཁྲིམས་འཛིན་༼European court of justice༽ སོགས་ཡོད་ཀྱང་། རྒྱལ་ཁབ་གཅིག་ནང་བཞིན་གྱི་གཞུང་གི་འཛིན་སྐྱོང་ལྟེ་གནས་སམ་རྒྱལ་ས་མེད། བྷེལ་ཇམ་རྒྱལ་ཁབ་ཀྱི་རྒྱལ་ས་Brussels ནང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་མང་ཆེ་བ་འཚོགས་ཀྱི་ཡོད་ལ། European council དང་European commission དང་་European parliament སོགས་ཀྱི་གཞུང་འབྲེལ་འཚོགས་ཡུལ་ལྟེ་བ་ཡང་Brussels ཆགས་རུང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་རྒྱལ་ས་༼Capital༽ གང་ཡང་འཁོད་མེད།

༢༽ མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་ཚོགས་མི་ཚང་མ་གོང་དུ་བཤད་པ་བཞིན་རང་བཙན་རྒྱལ་ཁབ་༼sovereign state༽ཡིན་པས། Brussels ནས་མཉམ་འབྲེལ་ཁོངས་ཀྱི་ཚོགས་མི་རྒྱལ་ཁབ་གང་རུང་གི་ནང་ཁུལ་གྱི་ཆབ་སྲིད་ལ་ཐེ་བྱུས་ནམ་ཡང་བྱེད་མི་ཆོག Brussels ནི་ཚོགས་མི་རྒྱལ་ཁབ་ཚང་མ་འཛོམས་ནས་གྲོས་བསྡུར་བྱེད་ས་ཡིན་པ་ལས། དབུས་སྲིད་གཞུང་མིན་པས། གནས་སྟངས་གང་ལ་ཐུག་ཀྱང་དབང་ཆ་གཅིག་སྡུད་ནམ་ཡང་བྱེད་མི་ཆོག

༣༽ གཞུང་ལུགས་རང་བཞིན་གྱི་ངོས་ཐད་ནས། ལུང་པའམ་རྒྱལ་ཁབ་གང་རུང་ཞིག་ལ་༡༩༩༣ ལོར་བཞག་པའི་ཆིངས་ཡིག་གི་དགོངས་དོན་ལྟར་༼Copenhagen Criteria༽

༡༽ ལུང་པའི་ནང་འགྲན་རྩོད་ལྡན་པའི་ཆབ་སྲིད་ཚོགས་པ་མང་པོ་ཡོད་པ་གང་ཞིག་ལ་དམངས་གཙོའི་སྒྲིག་འཛུགས་ཁག་སྲ་བརྟན་ཡོད་པ་དང་།

༢༽ ལུང་པའི་ནང་ཁྲིམས་ཀྱི་དབང་སྒྱུར་ཡོད་པ།

༣༽ འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་པ།

༤༽ ཁྲོམ་རྭའི་དཔལ་འབྱོར་གནས་པ་དང་ལག་བསྟར་བྱེད་པ་སོགས་ཀྱི་ཆ་རྐྱེན་ཁག་ཚང་མ་ཚང་ན་མཐུན་ཚོགས་ཀྱི་ཁོངས་སུ་འཛུལ་ཆོག་པ་དང་། དཔེར་ན་སུའུ་ལེན་ཁ་འཐོར་བའི་རྗེས་སུ་དམངས་གཙོར་ཆགས་པའི་ཡུ་རོབ་ཤར་གྱི་ལུང་པ་མང་པོ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་སུ་འཛུལ་བ་ལྟ་བུ་རེད།

དེ་བཞིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་༼European union༽ ནི་ མཉམ་འབྲེལ་མཐུན་ཚོགས་Confederation ཡིན་པ་ལས་མནའ་འབྲེལ་རྒྱལ་ཁབ་༼Federation༽ མིན་པས། མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་ཚོགས་མི་ཁག་མཉམ་འབྲེལ་གྱི་ལས་གཞི་ལ་འདོད་པ་མ་ཁེངས་ཚེ། ཚོགས་སྒྲིག་ཁོངས་ནས་ཕྱི་རུ་ཡང་རང་དབང་གི་སྒོ་ནས་འབུད་ཆོག་་་་དཔེར་ན་ དབྱིན་ཇི་༼United Kingdom༽ ༢༠༡༥ ལོར་མཉམ་འབྲེལ་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པ་ལྟ་བུ་རེད།

དེ་བས་གལ་ཏེ་European Union ནམ་ཞིག་ཨ་རི་(United States of America)ལྟར་United States of Europe ཆགས་སོང་ན་་ག་གཟོད་མནའ་འབྲེལ་རྒྱལ་ཁབ་Federation ཆགས་པ་རེད། དེ་བས་ཆབ་སྲིད་ཚན་རིག་པ་ཚོས་ད་ལྟའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་European Union་ལ་མཇུག་མ་རྫོགས་པའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ལས་གཞི་༼an unfinished federation project༽ ཞེས་བརྗོད་ཀྱི་ཡོད།