མདོག་རྨོངས་
མཐོང་རིས་
མདོག་རྨོངས་
[རྩོམ་སྒྲིག]མིག་ཤེས་ཀྱིས་ཁ་དོག་གི་ཁྱད་པར་ཇི་བཞིན་འབྱེད་མི་ནུས་པའི་ནད་རིགས་ཤིག་སྟེ། དམར་པོ་དང་ལྗང་ཁུ་གཉིས་ཀྱི་ཁ་དོག་མི་ཕྱེད་པ་དག་ལ་དམར་ལྗང་མདོག་རྨོངས་པ་དང་། ཁ་དོག་གི་སྐྱ་ཤས་དང་ནག་ཤས་ཙམ་མ་གཏོགས་ཚོན་མདོག་གི་ཁྱད་པར་འབྱེད་མི་ནུས་པ་ལ་ཡོངས་རྫོགས་མདོག་རྨོངས་པ་ཞེས་བརྗོད་དེ། ཕལ་ཆེར་ལྷན་སྐྱེས་སུ་བྱུང་བའི་ནད་དོ།