མདའ་ཚན་བླ་མ་སྐྱབས་

ཡོང་ཁུངས་Wikipedia

མདའ་ཚན་བླ་མ་སྐྱབས་ལགས་ནི་དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford)དགེ་རྒན་ཆེན་མོ་དང་། རྩོམ་རིག་ཉམས་ཞིབ་པ་ཡིན་ལ། ཉེ་ཆར་ཁོང་ལ་གསེར་ཕྱེ་ལྟར་དཀོན་པའི་ཞིབ་འཇུག་གི་གོ་གནས་རྩ་ཆེན་Leverhulme Early Career Fellowship Awardགྲགས་པ་དེ་གནང་འདུག དེ་ནི་དབྱིན་ཇི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་སྟོང་ཕྲག་མང་པོར་འགྲན་སྡུར་བྱས་ནས་ཐོབ་པའི་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་རིག་པའི་སྡེ་ཁག་ཏུ་གཞི་བཅས་པའི་རྩོམ་རིག་ཉམས་ཞིབ་པའི་གོ་གནས་ཞིག་རེད་འདུག