Jump to content

མཐུ་བ་ཚང་སྡེ་བ

ཡོང་ཁུངས་Wikipedia

མིང་། མཐུ་བ་ཚང་། སྲིད་འཛིན་ཁོངས་གཏོགས། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གསེར་གཞུང་ཡུལ་ཚོ། སྲིད་འཛིན་ཁུལ་རིགས་དབྱེ། སྡེ་བ། ས་ཁམས་གནས་ཡུལ། མཆོ་སྔོན་ཤར་ཕྱོགས། སྡེ་ཁྱིམ་མི་གྲངས། ཁྱིམ་ཚང་བརྒྱ་ཕྲག་ཡས་མས། མི་གྲངས་ལྔ་བརྒྱ་ཡས་མས། ཆོས་ལུགས་དད་མོས། དགེ་ལུགས་པ། རྙིང་མ་བ། བོན་པོཞ རིས་མེད་པ། སྐད་ཡིག། ཨ་མདོ་སྐད་གྱི་བྱེ་བྲག་རོང་སྐད། བོད་ཡིག


ས་ཁམས་གནས་ཡུལ

[རྩོམ་སྒྲིག]
མཐུ་བ་ཚང་ནི་དེང་གི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གསེར་གཞུང་ཡུལ་ཚོ་ནས་སྤྱི་ལེ་གསུམ་ཙམ་གྱི་ས་ཆ་ཞིག་ན་ཆགས་ཡོད། ཉེ་འབྲེལ་སྡེ་བ་ལ་དོ་ཞི་སྡེ་བ། འདན་མ་སྡེ་བ། བྲག་དཀར་རྒྱལ་སྡེ་བ། གཤོང་བ་སྡེ་བ།ཁྱ་རྒྱ་སྡེ་བ། ཨ་མགོན་ཆུང་བ་སྡེ་བ་སོགས་ཡོད། ཉེ་འབཻལ་རྗོང་ཁག་ལ་ཡ་རྫི་སོགས་ཡོད།

ས་ཁམས་འཁོར་ཡུག

[རྩོམ་སྒྲིག]

མཚོ་སྔོན་ཞིང་ཆེན་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ཁུལ་དུ་གནས་ལ།བྱང་གི་འཕྲེད་ཐིག་ N36°03′16.15ཤར་གྱི་གཞུང་ཐིག་ E102°32′27.74།ས་མཐོའི་སྐམ་ས་ཆེ་མོའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས།

དཔལ་འབྱོར་ཐོན་སྐྱེད་གནས་ཚུལ།

[རྩོམ་སྒྲིག]

ད་ལྟ་སྡེ་བའི་ནང་དུ་ཁྱིམ་ཁ་བརྒྱ་ཕྲག་ལྷག མི་གྲངས་ལྔ་བརྒྱ་ཡས་མས། ཞིང་ལས་དང་ཕྱུགས་ལས་གཉིས་ཀར་བརྟེན། སྔོན་ཆད་ཁྱིམ་ཁ་རེ་ལ་ཟོག་བཅུ་ཁ་ལྷག ལུག་བརྒྱ་ཕྲག་རེ་ཡོད་ལ། ད་ཆ་ཕལ་མོ་ཆེས་ཕྱུག་ཟོག་བཙོང་ཟིན། ཞིང་ལས་ལ་ཆུ་མ་དང་རི་མ་གཉིས་ཀ་ཡོད། ཆུ་མ་ཉུང་། རི་མ་མང་།ཐོན་སྐྱེད་བྱེད་སྟངས་ཧ་ཅང་རྗེས་ལུས་ཡིན། འབྲུ་རིགས་གཙོ་བོ་ཡུངས་མ་དང་། ནས། འབྲུ། སྲན་མ་ཡིན། ལོ་ལེགས་བྱུང་བ་ཧ་ཅང་ཉུང་བས་རང་ཁ་རང་གསོ་ཙམ་ལས་བྱེད་མི་ཐུབ། ཉེ་བའི་ལོ་འགའི་རིང་ལ། དབྱར་རྩ་དགུན་འབུའི་རིན་གོང་ཡར་འཕར་ནས་སྡེ་བ་འདིའི་འཚོ་བའི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད།

དགོན་སྡེ་འཛུགས་སྐྲུན

[རྩོམ་སྒྲིག]

མཐུ་བ་དགོན་པ། ༡༨༤༢ཡས་མས་སུ་གསར་དུ་བཞེངས་སྐྲུན་མཛད། བཏབ་པ་པོ་ནི་མཐུ་བ་ཚང་ནས་འཁྲུངས་བའི་ཨ་ལགས་བང་གྱ་ཚང་ཡིན། རིག་གསར་མ་བྱུང་གོང་ལ་དགེ་འདུན་པ་བརྒྱ་ཕྲག་ལྷག་བརྟན་བཞུགས་བྱས་ཡོད། འཛུགས་སྐྲུན་གཙོ་བོ་ནི་ཚོགས་ཆེན་འདུ་ཁང་དང་། བྱམས་ཁང་། མཚམས་ཁང་། བླ་བྲང་། པར་ཁང་སོགས་ཡིན། དགོན་འདི་གའི་པར་ཁང་ནས་པར་ཤིང་མཛད་པའི་འཇིགས་མེད་དམ་ཆོས་ཀྱི་གསུང་འབུམ་ལ་སེ་འབྲས་དགེ་གསུམ་དང་། བླ་བྲང་དགོན་ལ་སོགས་པས་དགོན་སྡེ་ཆེ་གྲས་མང་པོ་ནས་གདེང་འཇོག་མཐོན་པོར་གནང་བའི་མཚན་སྙན་བོད་ཁམས་ཡོངས་ལ་གྲགས། རིག་གསར་སྐབས་དགོན་པ་རྩ་མེད་བཟོས།༡༩༨༢རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ནས་བསྐྱར་བཞེངས་བྱས།༢༠༡༣ལོར་ཚོགས་ཆེན་འདུ་ཁང་བསྐྱར་བཞེངས་བྱས།

མཐུ་བ་སྔགས་ཁང་ཨོ་རྒྱན་མཁའ་སྤྱོད་གླིང་།

རེབ་གོང་ཀོའུ་སྡེས་བན་སྔགས་རྡོ་རྗེ་རྣམ་རྒྱལ་མཆོག་ནས་བཞེངས་པ་དང་རྗེས་སུ་སྡེ་འདིིའི་དད་ལྡན་པས་ཚེ་ཏན་ཞབས་དྲུང་སྐུ་ཕྲེང་གསུམ་པ་གདན་དྲངས་ནས་རྒྱ་བསྐྱེད་དེ་སུམ་ཐོག་མ་གྱན་༣༩ཅན་ཞིག་གུ་རུ་རིན་པོ་ཆེའི་སྨན་སྐུ་དང་མཁའ་སྤྱོད་མའི་འབག་སྐུ་སོགས་བཞེངས།༡༩༥༨ལོའིསྔོན་ལ་སྔགས་པ༦༣ཡོད། ༡༩༨༩ལོའི་ཟླ་བ་༡༢པར་ཆོས་སྒོ་ཕྱེས་ཏེ་སྔ་མའི་སྔགས་ཁང་ལ་ཞིག་གསོ་དང་ནང་རྟེན་ཞིག་བཞེངས།༡༩༩༠ལོར་སྔགས་ཁང་ལ་ར་བ་བསྐོར་བ་དང་བྱང་ཆུབ་མཆོད་རྟེན་ཞིག་བཞེངས།ལྔ་བའི་རྟ་མགྲིན་གསང་སྒྲུབ་དང་།ལྔ་བའི་ཚེས་བཅུ་ལ་རིག་འཛིན་གདུང་སྒྲུབ། བཅུ་གཅིག་པའི་གདུགས་དཀར་བཟློག་ཆེན། ཨོ་རྒྱན་སྟོང་མཆོད།ད་ལྟ་སྔགས་པ་༤༠ལྷག་ཡོད།

མི་སྣ་གྲགས་ཅན

[རྩོམ་སྒྲིག]

ཨ་ལགས་བང་གྱ་ཚང་། ལོ་རྒྱུས་མི་གསལ།