མཐུ་བ་དགོན

ཡོང་ཁུངས་Wikipedia
  1. མཐུ་བ་དགོན།
  2. བཞེངས་དུས། ༡༨༤༢
  3. དགོན་པ་ཕྱོགས་བསྡུས་མཁན། ཨ་ལགས་བཱང་གྱ།
  4. ས་གནས། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྗོང་གསེར་གཞུང་ཡུལ་འཚོ་མཐུ་བ་ཚང་སྡེ་བ།

མཐུ་བ་དགོན་ནི་དེང་གི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཁོངས་གཏོགས་དཔའ་ལུང་རྫོང་གསེར་གཞུང་ཡུལ་ཚོ་ནས་ལ་མོ་ཞིག་བརྒྱབ་ནས་སོང་བ་ན་ལུང་བ་ཞིག་ཡོད་པ་དེའི་མདོ་ན་མཐུ་བ་ཚང་སྡེ་བ་ཆགས་པ་དང་།གོང་ན་བྲག་དཀར་སྤུན་གསུམ་ཞེས་བྱ་བ་ཡོད་པ་དེའི་ལྷ་ཞོལ་དུ་ཆགས་ཡོད།སྐབས་འདིར་དགོན་པ་གཞན་ཞིག་ཀྱང་གླེང་དགོས་པ་ནི་ཀ་ཐུང་དགོན་པ་རེད།དེ་སྔ་མཐུ་བ་ཀ་ཐུང་གཉིས་ནི་བྱ་ནམ་གྱི་གསེར་ཁ་ཞེས་པའི་གནས་སུ་ལྷན་གཅིག་ཏུ་ཡོད་པ་ལ་སྐྱ་རེངས་དགོན་ཞེས་ཟེར་བ་ལས་རྗེས་སུ་སོ་སོར་གྱེས་པ་ཡིན་ལ།རྒྱལ་དབང་ལྔ་བ་དགུང་ལོ་ཉེར་བདུན་དུས་ཏ་མིང་རྒྱལ་ས་སློག་མཁན་ཟི་ཁྲོན་ལི་ཙེའི་ཇག་འཁྲུག་དེའམ།རྒྱལ་མཆོག་བདུན་པ་དགུང་ལོ་བཅུ་དྲུག་པར་ཉན་ཀུང་ཡེས་བནན་པའི་དུས་འཁྲུག་གང་རིགས་སུ།འགྲུལ་ལམ་ནས་རྐུན་ཇག་གི་འཚེ་བ་མང་རྐྱེན་དགོན་གནས་སྤོ་དགོས་བྱུང་བར་གླེང་།དེ་དུས་འདུ་ཁང་ལ་སོ་ཕག་སྒྲོན་མ་ཐུབ་པར་ཡོད་སྟབས་འདུ་ཁང་སྐྱ་རྡང་མའི་ནང་དུ།གསུང་རྟེན་ཡུམ་སྐྱ་འབར་མ་ཞེས་པ་དང་།བསྟེན་པ་ལྷ་མོ་དང་རྡོར་ལེགས་་བཅས་ཡོད་པ་ལས།དགོན་གནས་སྤོར་སྐབས་དགེ་འདུན་པ་རྣམས་འདུ་ཁང་སྐྱ་རྡང་མར་ཚོགས་ནས་།ཡུམ་སྐྱ་འབར་མ་མགོ་ལ་གཏུགས་ཤིང་བ་ཤ་ལག་གཡས་མ་ཁ་ལ་རེག་སྟེ་གྲོས་འཆམ་ཐུགས་མཐུན་གྱི་ངང་ནས་དགོན་གནས་སོ་སོར་སྤོས་པ་ཡིན་ཟེར་སྐད།བསྟེན་པ་རྡོར་ལེགས་སྐྱ་རེངས་ཁ་གསུམ་གྱི་སེར་མོས་ཁྱེར།ལྷ་མོའི་རྟེན་ཐང་ཀ་ཐུང་སེར་མས་གདན་དྲངས།ཡུམ་སྐྱ་འབར་མ་ད་ལྟ་མཐུ་བ་ཚང་གི་མ་ཎི་ཁང་དུ་བཞུགས།ཚོགས་ཟངས་འདན་མ་ནས་རིམ་གྱིས་ཕྱིར་ཁྱེར་ནས་ད་ལྟ་སེར་དྲིས་དགོན་པའི་གཞུང་དུ་ཡོད་སྐབས། དེ་ནསཁྱ་རྒྱའི་སེར་མོ་རྣམས་ཁྱ་རྒྱའི་གྲོང་གི་གཞུང་ཆུའི་ཕར་འགྲམ་དུ་ཆགས།འདན་མའི་སེར་མོ་འདན་མའི་སྡེ་བའི་གཡོན་གྱི་ཁུད་དེར་ཆགས།མཐུ་བ་ཚང་གི་སེར་མོ་རྣམས་ད་ལྟའི་མཐུ་དགོན་འདིའི་གཡས་ངོས་ཀྱི་ཉིན་དེར་ཆགས་པའའི་དེང་སང་དེ་དག་གི་ཤུལ་ལ་དགོན་ཆག་ཁུད་དང་དགོན་ཆག་ངོ་ཟེར་བ་ལྟ་བུའི་མིང་གིས་འབོད།ཀ་ཐུང་ཡང་ཐོག་མར་བྱ་ནམ་ལུང་བའི་འགོལ་ས་ཞིག་ཏུ་སྤོས། དེ་ནསའགར་རུ་ཤི་སྣམའི་གྲོང་དང་ཉེ་བའི་རི་ཞོལ་དདུ་སྤོས།དེ་ནས་ད་ལྟའི་དགོན་ས་འདིར་སྤོས་པ་ཡིན་ཞེས་པའི་ངག་རྒྱུན་ཁུངས་མི་འདུག དེས་ནས་དགེ་ལྡན་ལྔ་མཆོད་ཆེན་མོ་སྐྱ་རེངས་ཁ་བཞི་་ནས་ལོ་རེར་གཏོང་རེས་བྱེད་པས་་ཡར་གྱི་ཁ་གསུམ་པོས་གཏོང་སྐབས་ཀ་ཐུང་གིས་གཏོང་སྐབས་མཐུ་དགོན་གྱི་སེར་མོ་རྣམས་མར་ལ་ཕེབས་ནས་དགེ་བསྐོས་ཡར་དང་དབུ་མཛད་མར་གྱིས་བྱེད་པའི་སྲོལ་ད་དུང་ཡང་མ་ཉམས་པར་ཡོད་པ་ནི་རྒྱུ་མཚན་དེ་ལ་བརྟེན་དོ།།སྐྱ་རེངས་དགོན་ཞེས་ཐོགས་དོན་ནི།ལ་ལས་ཆོས་ཐོག་ནས་ནམ་ཚོགས་དུས་སྐྱ་རེངས་ཤར་སྐབས་ཚོགས་པས་ན་དེ་སྐབས་ཟེར།ལ་ལས་གྲོང་དུ་གཤིན་ཆོག་སོགས་ལ་གྲྭ་ཚང་ནས་ཕེབས་སུ་སྐྱ་རེངས་ཤར་སྐབས་ཐོན་པས་ན་དེ་སྐད་ཟེར་ཞེས་བཤད་དེ་གང་ལྟར་ཡང་བལྟའི་དུས་ནའང་གྲོང་གི་ལོ་ལོན་ཚོས་་མནའ་སྐྱེལ་བའི་ཚེ་སྐྱ་རེངས་དགོན་པའི་རྡོར་ལེགས།ཞེས་པའི་ཁ་སྐད་ཡོད་པས་དགོན་པའི་མིང་ལ་སྐྱ་རེངས་ཞེས་ཟེར་བ་ནི་ཡང་དག་པའོ།།དགོན་པ་ནམ་སྤོས་ཀྱི་དུས་རགས་པ་ཙམ་་ནི་འདི་ལྟར་ཤེས་ཏེ།རྒྱལ་བ་བསོད་ནམས་རྒྱ་མཚོ་ལམ་རྒྱུད་དེར་ཕེབས་ནས་བྱ་ནམ་ནང་དུ་བཞུགས་ཁྲི་དང་ཞབས་རྗེས་ཡོད་པ་ལ་དཔགས་ན།དེ་དུས་སྐྱ་རེངས་དགོན་པའི་བསྙེན་བཀུར་ཞུས་པའི་རྐྱེན་གྱིས་བྱིན་རྟེན་དེ་བྱུང་བ་ཡིན་པར་ཚད་མས་གྲུབ་གཤིས།དེའི་དུས་སུ་སྐྱ་རེངས་དགོན་གསེར་ཁར་་ཡོད་ངེས་པ་དང་།རྒྱལ་མཆོག་བདུན་པའི་སྐུ་རིང་ལ་བྱོན་པའི་མཁན་པོ་དཔལ་ལྡན་རྒྱ་མཚོས་སྐྱ་རེངས་ཁ་བཞི་འཛིན་བདག་གསར་དུ་བྱས་སྐབས་ཕྱག་རྫས་མང་པོ་བཏང་ནས་པ་ཀྲུའུ་་ཚང་གི་བླ་བྲང་ཐོབ་པ་དེ་ད་ལྟའི་མཐུ་བའི་བླ་བྲང་འདི་ལ་ངོས་འཛིན་པ་ལྟར་ན་ཕལ་ཆེར་རྒྱལ་དབང་ལྔ་བའི་སྐུ་ཚེ་སྟོད་ཙམ་ལ་ཡིན་པར་སེམས།པ་ཀྲུའུ་ཚང་ཤིན་ཏུ་དར་བའི་དུས་ནི་གོང་མ་ཁང་ཞིའི་དུས་ཡིན་པས།ཁང་ཞི་ཁྲི་ལ་གསར་དུ་བཞུགས་དུས་རྒྱལ་དབང་དགུང་ལོ་ཞེ་དྲུག་ཡིན་པ་དང་།པ་ཀྲུའུ་དགོན་ཤིན་ཏུ་དར་བའི་དུས་སུ་ཐང་རིང་གིས་འཛིན་བདག་བྱས་པ་ལས་མགོ་མགོ་བཤངས་པ་དང་།སེར་དྲིས་དགོན་དང་།མཐུ་དགོན་།ཆིས་ལི་ཟི་སོགས་ཀྱང་བུ་དགོན་དུ་བྱས་པ་ཡིན་ལས་ཆེ། དེ་ནས་མཐུ་བ་ཚང་གི་ད་ལྟའང་བླ་བྲང་ཚང་ཟེར་བའི་ཁྱིམ་དེ་ག་ནས་འཁྲུངས་བའི་ཨ་ལགས་བཱང་གྱ་ཟེར་བས་ཁ་གསུམ་གྱི་སེར་མོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ད་ལྟའི་མཐུ་བ་དགོན་བཀྲ་ཤིས་ཆོས་སྡེ་གླིང་འདི་ཆགས།ཡུལ་ངན་བྱུང་དུས་དྲ་མའི་ནང་དུ་སྨུག་པ་འཐིབས་པས་ཁྱ་རྒྱའི་སེར་མོ་རྣམས་མ་རངས་པའི་ཁ་སྐད་ད་དུང་ཡང་ཡོད།དུས་ཀྱི་སྔ་ཕྱི་གསལ་བོ་མི་ཤེས་ཀྱང་གོང་སྨོས་ཀྱི་སྐབས་དེ་མ་དུ་་པ་ཀྲུའུ་ཚང་ནས་འཛིན་བདག་བྱས་ཤིང་བླ་བྲང་བཞེངས་པ་ད་ལྟའི་ཤུལ་གྱི་བླ་བྲང་འགབ་མ་འདི་ལ་ངོས་འཛིན།འདུ་ཁང་ཀླད་ན་བླ་བྲང་མཆོད་ཁང་ཟེར་བའི་སྐུ་ཁང་ཀོག་པོ་་དང་།མཆོད་རྟེན་རྙིང་བ་གཉིས་བཅས་དེང་སང་ཡོད་པ་དེ་ཉིད་ཨ་ལགས་བཱ་གྱའི་མཆོད་ཁང་དང་གདུང་རྟེན་ཡིན་ཞིང་།དེའི་སྐུ་སྐྱེ་ཕྱི་མ་སྔགས་རམས་པ་དགེ་འདུན་འོད་ཟེར་ནི་ཁྱ་རྒྱའི་ནང་གོང་མ་ཚང་ན་འཁྲུངས་ཏེ།གཞོན་དུས་ནས་རབ་ཏུ་བྱུང་།བྱ་ཁྱུང་གི་ཆོས་སྒོར་ཞུགས།གཞུང་ལུགས་ལ་སྦྱངས།སྔགས་རམས་པའི་མཚན་བཏགས་བླངས།ཆུ་བཟང་ངག་དབ་ཐུབ་བསྟན་དབང་ཕྱུག་ཚང་གིས་སྤྱན་བསྐྱངས་གནང་སྟེ།མཚོ་སྔོན་པེ་ལི་འཇིགས་མེད་ཡེ་ཤེས་ཀྱི་ཞབས་བརྟན་བླ་མར་མངགས། ཕྱག་རྫས་གང་བྱུང་བྱ་ཁྱུང་ལ་བསྔོས། དེའི་སྟབས་ཀྱིས་ཟི་ན་ཚུལ་ཁྲིམས་དར་རྒྱས་བྱ་ཁྱུང་ཁྲི་བཞུགས་ལོ་དང་པོ་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ལ་དེ་ཉིད་ཀྱིས་བཀའ་ཤོག་དང་་མེ་རྒན་ཆོས་རྗེའི་ཆོ་ལོ་གནསང་སྟེ།བཀའ་ཤོག་དེ་མཐུ་དགོན་ནང་གོང་མའི་མཆོད་ཁང་དུ་ད་ལྟའང་མཇལ་དུ་ཡོད།སེར་དྲིས་མ་ནི་བ་བློ་བཟང་བསྟན་པའི་ཉི་མ་ས་བརྩམས་པའི་ཀ་ཐུང་འདུ་ཁང་དཀར་ཆག་ཏུ།ཁྱ་རྒྱའི་ཆོས་རྗེ་ཁུ་དབོན་རྣམ་གཉིས། ཞེས་ཀྱང་འབྱུང་ངོ་།། དེའི་སྐུ་སྐྱེ་ཕྱི་མ་ཁྱ་རྒྱའི་ཐོད་ཚད་ཨ་ཀ་ཞེས་པ་གྲྭ་ཐོག་དེར་དགོན་པའི་ཡ་རབས་འདོན་བཟང་སྐད་བཟང་གི་ཚད་དུ་བརྩི་བ་ཉིད་ཡིན་པར་གླེང་་མོད། བླ་སར་མ་བཀོད་པས་དེ་ནས་བཟུང་བླ་རབས་ཀྱི་རྒྱུན་ཆད་སྣང་། རབ་ཡིད་ཤིང་འབྲུག་ལོར་སྐུ་མཆེད་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོ་དགོན་འདིར་ཕེབས།ཀུན་རིག་དབང་དང་།མཆོད་འབུལ་གྱི་རྒྱུན་འཚུགས་པར་འཐེབ་བཅས་གནང་།ཡབ་རྗེ་གསེར་ཁང་བའི་དབུ་ཞྭ་དང་འགུ་ཚེ།སྐུ་མཆེད་རིན་པོ་ཆེ་རང་གི་ཞབས་འབོབ་བཅས་རྟེན་སྐལ་དུ་སྩལ་འདུག འདུ་ཁང་ལ་རབ་གནས་མཛད།འདུ་ཁང་དེཉིད་དགོན་དེ་ཆགས་ནས་ཐོག་མར་བཞེངས་བའི་འདུ་ཁང་ཡིན་ཞིང་། དེའི་སྔོན་དུ་ཚོགས་ཁང་ཙམ་ལས་མེད་ཟེར། རབ་གནས་མཛད་པའི་ཤིང་འབྲུག་ལོ་་དེ་ནི་མཁན་པོ་བླ་བཟང་འཇིགས་མེད་རབ་བརྟན་འཁྲུངས་ནས་ལོ་གཉིས་་དང་། ཞབས་དྲུང་ཚོན་པོ་མ་དགུང་ལོ་ཞེ་གཅིག་གི་ལོ་ཡིན། དེ་ནས་རབ་ཚེས་ལྕགས་ཡོས་ལོར་རྗེ་ཞྭ་དམར་དགེ་འདུན་བསྟན་འཇིན་རྒྱ་མཚོདཔལ་བཟང་བོ་ཕེབས་ནས། ཐེག་ཆེན་གསོ་སྦྱོང་དང་།དགའ་ལྡན་ལྷ་བརྒྱ་་མའི་ཁྲི་གཅིག་གནང་། སྐབས་དེར་གྲུབ་དབང་གོང་མ་འཇིགས་མེད་བསམ་གཏན་རིན་པོ་ཆེ་སྔ་ཕྱིར་ཡང་ཡང་ཕེབས་ནས་གཞི་བྱེས་ཀྱི་སློབ་མ་མང་པོར་དབང་ལུང་རྗེས་གསུམ་མང་དུ་གནང་།དགེ་འདུན་པ་སྤྱིའི་ཞབས་བརྟན་དུ་ལྕགས་མཁ་ཟུར་དགུ་བ་བཙུགས། དགོན་པའི་རིམ་གྲོར་འཇིགས་བྱེད་་ཀྱི་དྒཔོའི་སྦྱིན་སྲེག་མཚད་དེ་དམ་སྲི་ཞལ་བར་བརླགས།འདན་མའི་མཚམས་ཁང་བའང་ཆོས་ལུང་མང་ཙམ་གནང་། གཞི་བདག་ཁྲབ་ཆེན་་ལ་ལ་བཙས་་བསྟོད་པ་སོགས་དགོན་གྲོང་ལ་ཤིན་ཏུ་བཀའ་དྲིན་ཆ་སྟེ། ཞིབ་པར་རྗེ་དེ་ཉིད་ཀྱི་རྣམ་ཐར་ཟུང་འཇུག་་གྲུབ་པའི་བདེན་གཏམ་དུ་གསལ། རྗེ་དེ་ཉིད་ཀྱི་ཉེ་གནས་དམ་པ་རྗེ་དཀོན་མཆོག་ཕུན་ཚོགས་ནས་ཀྱང་དགོན་འདི་ཐུགས་ལ་ཤིན་ཏུ་བཏགས་པས་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་གུས་འདུད་ལྷུར་བླངས།དེའི་རྗེས་སུ་བླ་མ་རྡོ་རྗེ་འཆང་ཆེན་པོའི་སྐུ་རིང་ལ་དགེ་འདུན་པ་བགྲེས་་གཞོན་ཚང་་མས་སངས་རྒྱས་དངོས་གནས་དང་འདྲ་བའི་འདུ་ཤེས་ཀྱིས་བསྟེན་ཏེ་ལེགས་ཚོགས་ཀྱི་རྩ་བ་ཚུགས་ཚུལ་ཞཞིབ་པར་ཕྲན་བུས་བྲཙམས་པའི་རྣམ་ཐར་ཆེན་མོར་བལྟ།དུས་ཕྱིས་གྲྭ་ཚོགས་རྒྱས་པས་འདུ་ཁང་ཆུང་ཞིང་རྙིངས་སྐྱོན་གྱིས་ལོ་མང་རབས་ཤིག་ལ་བཞེངས་རྒྱུར་མ་ཁེལ་ཡང་ཕྱིས་སུ་རབ་རྒྱལ་ས་སྟག་ལོར་བླ་མའི་བྱིན་རླབས།་དང་ལྗགས་བཀོད་ལྟར་འདུ་ཁང་གསར་བ་བདེ་བླག་་ཏུ་བཞེངས་ཐུབ་པ་བྱུ་ང།ལོ་འགའི་མཚམས་སུ་གསེར་ཚོན་ཡང་ལེགས་པར་ཕུལ། འདུ་ཁང་གི་རྟེན་གཙོར་མཐུ་བ་དད་ལྡན་རྡོ་རྗེ་རྒྱལ་མཚན་གྱིས་རྒྱུ་རྐྱེན་གང་དགོས་བསྒྲུབས་ནས་འཇམ་དབྱངས་ཀུན་གཟིགས་ཆེ་ཚད་དེ་བཞེངས།གཟུངས་གཞུག་ཏུ་རྒྱལ་སྲས་རིན་པོ་ཆེ་ནས་ཤིང་བཟའ་ཚང་དང་། དེ་ནས་གྲུབ་དབང་གོང་མ།དེ་ནས་བླ་མ་རྡོ་རྗེ་མ་འཆང་གི་བར་བར་རྒྱུན་་བསྣམས་མཛད་པའི་ཕྱག་དྲིལ་བྱིན་ཅན་་གྱིས་རྟེན་གཙོས་རྟེན་རྩ་ཆེན་ཅི་མང་བཞུགས།སྐུའི་ཕྲ་རྒྱན་དུ་རྒྱུ་སྤུས་བཟང་བའི་མ་ནོ་ཁོ་ཁོར་གཅིག་དང་། ཕྱག་མཚན་རལ་གྲི་སོ་གཉིས་པ་རྣོ་དབལ་ཅན་ནི་བདག་གི་གཅུང་བོ་བློ་བཟང་སྦྱིན་པས་ཕུལ་བ་ཡིན།གཞན་ཡང་རྗེ་བླ་མ་།སྤྱན་རས་གཟིགས།གྲུབ་དབང་གོང་མའི་སྐུ་བརྙན་།མཁན་པོ་ཚང་གོང་ས་དབུས་ནས་ཞུས་པའི་རྗེ་གཟིགས་པ་ལྔ་ལྡན་གྲས་ཀྱི་ཐང་ག་གཅིག བཀའ་འགྱུར་སྣར་ཐང་དཔར་མ། བླ་མ་རྡོ་རྗེ་འཆང་གི་བཞུགས་ཁྲི། རྒྱ་ནག་ནས་དཔར་བའི་ཁོང་གི་འདྲ་བརྙན་བྱོན་ལེགས།ཀརང་གི་བླ་མ་རྣམ་གཉིས་ཀྱི་བཞུགས་ཁྲི། ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་ནས་གནང་བའི་སྦུབ་ནག་དང་། དེ་ཉིད་ཀྱི་འདྲ་ཐང་། འདུ་ཁང་ཀླད་དུ་གགྲུབ་དབང་གོང་མའི་ཞལ་བཀོད་ལྟར་་བཞེངས་པའི་ཛམ་ནག བསྟེན་པ་ཆོས་རྒྱལ། ལྷ་མོ། རྡོར་ལེགས་བཅས་བཞུགས། རབ་རྒྱལ་མེ་སྤྲེལ་ལོར། ཆོས་ར་།རྔ་ཁང་། ཇ་ཁང་བཅས་ཤིན་ཏུ་ངོས་གཙང་བ་དང་། འདུ་ཁང་མཐོངས་ཀོར་གྱི་མཆོད་རྗས་སྤུས་ལེགས་བཅས་གསར་དུ་སྐྲུན། པར་ཁང་ཆེན་མོར་དབུས་སུ་བླ་མ་རྡོ་རྗེ་འཆང་སྐུ་ཕྲེང་གཉིས་ཀྱི་རྒྱུན་བསྣམས་ཀ་པ་ལི་བྱིན་ཅན་སོགས་རྟེན་སྣ་དང་གཟུངས་བཞུག་གིསབྱུར་་བུར་གཏམས་པའི་བླ་མ་རྡོ་རྗེ་འཆང་གི་ཨ་བྷྱ་ཞབས་ཀྱི་འདྲ་སྐུ་སྐུ་ཚད་ལས་བརྒལ་བ།ལས་གཤིན་ཕྱག་བཞི་བའི་བསྙེན་ཐང་བླ་མ་རིན་པོ་ཆེའི་ཕྱག་དཔར་དང་། འདོད་གསོལ་ཕྱག་དྲིས་ཅན། རབ་རྒྱལ་ཤིང་ཕག་ལོ་ནས་བཟུང་ལོ་ཉེར་གཅིག་རིང་ལ་རང་གྲྭ་ཉི་ཤུ་ལྷག་ཙམ་ནས་པར་དུ་བརྐོས་པའི་བླ་མ་རིན་པོ་ཆེའི་བཀའ་འབུམ་པོད་བཅོ་ལྔས་གཙོ་བྱས་པའི་མདོ་སྔགས་རིག་གནས་ཆོས་སྤྱོད་ཀྱི་གཞུང་མང་པའི་འཕྲུལ་པར་ལོ་རེ་བཞིན་བརྐོས་པ་ལས་ད་ཆ་དབུས་གཙང་དུ་རྒྱལ་བ་ཡབ་སྲས་་དང་། སེར་འབྲས་དགེ་གསུམ་གྱི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཀྱང་བསྔགས་བྲཇོད།ཚད་མེད་པའི་སྒོས་གསུང་འབུམ་གདན་ཅི་འདྲོངས་བྱེད་པ་་དང་། རྔ་བ། ལྷ་མོ།རྭ་རྒྱ། རོང་བོ། བླ་བྲང་། བྱ་ཁྱུང་་།སྐུ་འབུམ། ལྡེ་ཚ་སོགས་ཙ་མདོའི་དགོན་ཆེན་ཐམས་ཅད་དུ་ལོ་རེ་བཞིན་དཔེ་རྒྱུན་འཕེལ་ཞིང་། རྗེ་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་དགོངས་པ་འགཻརལ་བའི་མིག་གཅིག་ཏུ་གྱུར་སྣང་ངོ།། དེའི་ཕྱིར་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་ཆེན་པས་མཛད་པའི་བཀའ་འབུམ་དེ་ཉིད་ཀྱི་པར་བྱང་སྨོན་ཚིག་ལས། གང་གི་མཁྱེན་རབ་མན་ཤེལ་ཐིག་ལེ་ལས།།རྣམ་དག་ཆོས་ཀྱི་ཟེགས་མ་འབུམ་འཛགས་པས།། བགྲང་ཡས་འགྲོ་ལ་བྱང་གྲོལ་ཞི་བའི་དཔལ།། རྣམ་པར་བྱིན་པའི་གྲགས་པ་སྲིད་ན་སྙན།།ཞེས་གང་གསུངས་པ་ནི་དོན་དང་ལྡན་པའི་ཆེད་བརྗོད་དོ།། དེའི་གཡོན་གྱི་བྱམས་ཁང་དུ། བླ་མའི་ཞལ་ཆེམས་ལྟར་་བཞེངས་པའི་བྱམས་པ་ལུང་སྟོན་མ་བླ་མའི་སྐུ་ཚད་ཅན། ཇོ་བོ་རྗེ་དང་། རྗེ་ཙོང་ཁ་བ་མི་ཕལ་བའི་ཚད། བདེ་གཤེགས་མཆོད་རྟེན་བརྒྱད་ཁྲུ་ལོངས་གསེར་ཆབ་ཅན། གྲྭ་གཤག་གསུམ་ཐུན་མོང་ནས་གདན་དྲངས་པའི་རྗེས་ཡབ་སྲས་གསུམ་གྱི་གསུང་འབུམ་བླ་བྲང་པར་མ་ཆ་ཚང་། འདན་མའི་སྡེ་བས་བཞེས་པའི་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། རྒྱན་དྲུག་མཆོག་གཉིས། རྗེ་དང་འཁོར་དག་པ་རྣམ་བརྒྱད་་ཀྱི་གོས་ཐང་་བཅས་བཞུགས་ཤིང་། པར་ཁང་དང་བྱམས་ཁང་ཇི་ལྟར་བཞེངས་ཚུལ་ཁོང་གི་རྣམ་ཐར་དང་་གསུང་འབུམ་དཀར་ཆག་ཏུ་ཟུར་ཙམ་རེ་བདག་གིས་དྲིས་ཟིན་པས་དེར་བལྟ་བར་བྱ་ལ། རབ་རྒྱལ་མེ་བྱ་ལོ་ར་འདན་མའི་ཚེ་ལོར་འབུམ་སྒོར་ཡུལ་ཤ་གསུམ་གྱིས་ཊམ་དྲུག་བརྒྱ་ཙམ་དང་། དགེ་སློང་འཇིགས་བྱེད་སྐྱབས་དང་མ་ཎི་སྐྱབས་གཉིས་ཀྱིས་ཊམ་ལྔ་བརྒྱ་་ཙམ་ཕུལ་བར་བརྟེན་་ཕྲན་བུས་པེ་ཅིན་ནས་བསྒྲུབས་པའི་ལྷ་ཁང་་དེ་གཉིས་ལ་གསེར་ཏོག་ཆེ་ཚད་སྤུས་ལེགས་རེ་བཅས་ཡོད། ཡར་ཁའི་ཐང་གི་རི་ཞོལ་དུ་བླ་མ་རྡོ་རྗེ་འཆང་གི་འཇམ་དབྱངས་་ཕྱག་ཚའི་འབུམ་ཁང་།བཙུགས་ཤིང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་རྗེས་བྱ་ནམ་ནས་གདན་དྲངས་བ། ལུང་མདོའི་བཙུགས་ཤིང་དུ་དམ་སྲིའི་ཁ་གནོན་དུ་བཞེངས་པའི་རྟ་མགྲིན་འབུམ་ཁང་བཅས་ཡོད། བླ་བྲང་འགབ་མར་སྔོན་ཆད་བླ་མ་རྣམ་གཉིས་ཀྱི་གཟིམ་ཁང་ཐེབ་ཆགས་ཙམ་ཡོད་པ་དེ་ལས་ད་སྔ་གསར་བཞེབས་་ཅི་ཡང་མི་སྣང་ལ། རྒྱབ་རིའ་ངོས་སུ་གྲུབ་དབང་གོང་མས་ཐུགས་བཀོད་གནང་དོན་ལྟར་ཞབས་དྲུང་འཇིགས་མེད་ཐུབ་བསྟན་་རྒྱ་མཚོས་བཞེངས་བའི་མཚམས་ཁང་དེར།ཕྱིས་སུ་ངོས་ནས་ཅུང་ཟད་རྒྱ་བསྐྱེད་དེ་་བཞེང་སབའི་མཆོད་་ཁང་དུ་ལྷ་ས་ནས་གདན་དྲངས་པའི་བཀའ་འགྱུར་པར་གསར། ཀི་རྟི་རིན་པོ་ཆ་ནས་ཁོང་རྡོ་རྗེ་འཆང་ལ་གཟིགས་དཔར་ཕུལ་བའི་བསྟན་འགྱུར་སྡེ་དགེ་པར་མབྱིན་བརླབ་གྱི་ཚན་ཁ་ཆེ་བ་ཁ་ཚང་། རྗེ་ཡབ་སྲས། པན་ཆེན། ལྕང་སྐྱ། ཀུན་མཁྱེན་བླ་མ་ཡབ་སྲས་སོགས་ཀྱི་གསུང་འབུམ་སོགས་ད་སྔ་པོད་བརྒྱད་བརྒྱ་ཙམ་དང་། སྨན་ཐང་སྨན་བླ་དོན་འགྲུབ་ཀྱི་ཕྱག་བྲིས་ལས་བཤུས་པའི་གནས་བཅུའི་འདྲ་ཐང་། གྲུབ་དབང་གོང་མ་འཇིགས་མེད་བསམ་གཏན་གྱི་དབུ་ལོ་གཟུངས་གཞུག་ཏུ་ཕུལ་བའི་དེ་ཉིད་ཀྱི་འདྲ་སྐུ་སོར་བཞི་བ། བླ་མ་རྡོ་རྗེ་འཆང་གིས་རབ་གསན་རྟ་ཐོག་མ་མཛད་པའི་འཇམ་དབྱངས་དམར་སེར་ཁྲུ་ཚད། བླ་མ་རྡོ་རྗེ་འཆང་གི་ཕྱག་དཔར་དང་འདོད་གསོལ་ཕྱག་བྲིསགནང་བའི་འཇིགས་བྱེད་བསྙེན་ཐང་། ཆོས་རྒྱལ་ཡང་གསང་དང་ལྷ་མོའི་རྟེནཐང་། དེ་གསུམ་གའང་ལྕགས་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གདུང་དཀྲིས་སྟེང་བཞེངས་པ་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་་བཞི་བའི་གནང་བའི་ཐུབ་པ་རྡོར་གདན་མ་དང་། རྗེ་དེ་ཉིད་ཀྱི་འདྲ་དཔར་ཕྱག་དམ་ཅན། པན་ཆེན་ཆོས་ཀྱི་ཉི་མསགནང་བིའ་འདྲ་དཔར་མཚན་ཡིག་ཅན་སོགས་སྐུའི་རྟེན་ཆེ་ཆུང་ཅི་རིགས་བཅས་བཞུགས། གཟིམ་ཁང་དེར་བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཕེབས་ནས་དབྱར་བཞུགས་གཉིས་དང་དགུན་བཞུགས་ཕྱེད་དང་གསུམ། རིབ་ཕེབས་ལམ་ཁ་ཤས་མཛད་སྐབས་འཇིགས་བྱེད་སོགས་ཀྱི་དབང་། བརྒྱ་རྩ་གསུམ་སོགས་ཀྱི་རྗེས་གནང་། བཀའ་འགྱུར་ལས་འདུལ་བ་ཡོང་རྫོགས་ཀྱི་ལུང་།སེམས་བསྐྱེད་མཆོད་པ། ལམ་རིམ་གྱི་ཁྲིད། འཇིགས་བྱེད་བསྙེན་ཁྲི་སོགས་ཟབ་རྒྱས་ཀྱི་ཆོས་བཀའ་མནོག་ཆེ་བ་རྒྱ་ཆེར་བསྩལ་བ་དང་། ཕྱིས་སུ་རབ་རྒྱལ་མེ་སྤྲེལ་ལོའི་བརྒྱད་པའི་ཡར་ཚེ་ལ་ཤར་ཐམས་ཅད་མཁྱེན་པ་གསུང་འབུམ་པར་ཁང་ལ་གཟིགས་མཇལདུ་ཞུས་ནས་ཕེབས་སྐབས། པར་ཁང་དུ་རབ་གནས་རྟ་ཐོག་མ། འདུ་ཁང་དུ་ཆོས་འབྲེལ། གཟིམ་ཁང་ནས་བཀའ་གདམས་གླེགས་བམ་ལསདོན་མཆོག་འབངས་དང་དད་པ་བརྟན་པོའི་རྟོགས་བརྗོད་ཀྱི་ལྗགས་ལུང་་སོགས་བྱིན་རླབས་ཀྱི་ཆར་ཆེན་ཕབ། དེ་ལྟར་དམ་པ་རིམ་བྱོན་ཀྱི་བཀའ་དྲིན་ལས་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་ངོས།ལོ་ར་བཞིན་ཚོགས་སུ་བཞི་བའི་མཆོད་པ། ལྔ་བའི་ནང་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་མཆོད་རས་བྲིས་ལ་བརྟེན་པ། བདུན་པའི་ཚེ་གཅིག་ལ་གྲུབ་དབང་གོང་མའི་དུས་མཆོད།དགུ་བའི་ནང་བླ་མ་ྲདོ་རྗེ་འཆང་གིི་དུས་མཆོད་དང་འབྲེལ་བར་རྭ་རྒྱའི་ཕྱག་ལེན་གྱི་རྣམ་སྣང་་མངོན་བྱང་སྒྲུབ་མཆོད་གསར་ཚུགས་དང་རྡུལ་མཚོན་ཞ་བརྟེན་པ་དང་། ཆོས་རྒྱལ་ལྕགས་མཁར་ཟུར་དགུ་བ། དུས་ཆེན་བཞིའི་སྨོན་ལམ། གཞི་གསུམ་ཕྱག་ལེན་ཚད་ལྡན་་བཅས་སྔར་ཡོད་མ་ཉམས་པའི་ཁུལ་དུ་མཆིས། སྔོན་ཆད་མ་ཎི་རིལ་སྒྲུབ་ཤིན་ཏུ་བྱིན་བརླབས་ཆེ་བ་ཞིག་ཚུགས་ཀྱང་རྗེས་སུ་རྒྱུན་ཆད། གྲྭ་གྲངས་བརྒྱ་དང་ཉི་ཤུ་ཙམ་བཞུགས་པར་ཆོས་འདུལ་ཁྲིམས། འདོན་རྟ་དབྱངས། ཐིག་རྡུལ་མཚོན། རིག་གནས་ལག་རྩལ་གྱི་ཆ་ཡན་ལག་དང་བཅས་ཡར་ལྡན་དུ་ཚང་བས་བསྔགས་པར་འོས་པའི་སྒྲུབ་སྡེ་ཞིག་རུ་ཡོངས་ལ་གྲགས་སོ།། མཐུ་བ་ཞེས་འབོད་པ་ནི་སྔར་མཐུ་བ་གྲོང་དེར་མཐུབ་བྱད་གཏོང་མཁན་གྱི་སྔགས་ནའི་རྣལ་འབྱོར་བ་ཞིག་གི་གཞི་ཆགས་པས་དེ་ལྟར་དུ་བཏགས་པའི་ངག་རྒྱུན་ཡོད་དོ རིག་གསར་སྐབས་སུ་མཐུ་བ་དགོན་ལ་གཏོར་བརླག་ཚབས་ཆེན་ཐེབས། སྔར་ཡོད་ཀྱི་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་ལ་སོགས་པ་ཐམས་ཅད་བཅོམ་ཡག་བྱས།ནང་སྒོས་སུ་མཐུ་དགོན་པར་ཁང་དེ་ཉིད་གངས་རིའི་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཕྱོགས་ལས་རྒྱས་མྱོང་བ་དེ་རང་སྡེ་བའི་ཁ་འགོ་ལ་ཤས་ཀྱི་རྩ་འཛུགས་བྱས་པའི་དམར་སྲུང་དམག་གིས། དང་ཐོག་པར་ཤིང་ཐམས་ཅད་པར་ཁང་ནས་ཁྱིམ་ཕྱགས་གཡུག་གཡུག་ལྟར་ཕྱི་ལ་དོར། དེ་ནས་ད་དུང་ཡིད་མ་ཚིམ་པར། ཐལ་མཐའ་བ་འགའ་ཤས་ཀྱི་ལྷ་ཀླུ་གདོན་འདྲེ་ཐམས་ཅད་རྩ་བ་ནས་མེད་པར་བཟོ་དགོས་ཞེས་ངན་སྐུལ་བཏང་དེ་ལ་ལ་ཤིང་ཁང་བཟོ་བའི་ལྷུ་ལག་ཏུ་གྱུར། ལ་ལ་གོ་ཁར་གཡུག་ཏེ་བུད་ཤིང་དུ་བཟོས། ཡིད་སྐྱོ་བའི་ལོ་ཟླ་དེ་ནང་། སྔོན་བྱོན་དམ་པའི་ཡོན་ཏན་གྱི་སྙིང་བཅུད་ཐམས་ཅད་དམར་ལྷང་ལྷང་གི་མེ་ལྕེ་ཁྲོད་ནས་ས་དང་རྡུལ་ལ་འཐིམས། ཇི་སྐད་དུ་དགེ་ཆོས་ཀྱི་རོ་དང་མཚུངས་བའི་ལུས་པོ་འདི།།ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་ན་ཤིན་ཏུ་ཕངས་ཞེས་པ་གནང་བཞིན་དྲན་ཐེངས་རེ་ལ་ན་ཟུག་རེ་ཐོན་ཡོང་། ཨ་མྱེས་ཀྱི་ཞལ་ལས་ཐོས་པ་ལྟར་ན། གལ་ཏེ་དམར་སྲུང་དམག་ལ་ལ་ཞིག་གིས་པར་ཤིང་སྟེང་དུ་གཅིན་ཡང་བཏང་མྱོང་གསུངས།སྟབས་ལེགས་པ་ཞིག་ལ་རེསགཉིས་ཙམ་གྲྭ་བ་འགའ་ཤས་ནས་གསང་སྦ་བདག་གཉེར་བྱེད་ཐུབ་བྱུང་ཡིན་ན་ཡང་། ཤིན་ཏུ་རྩ་ཆེན་གྱི་དཔེ་རྙིང་དཀོན་པོ་རིགས་རིག་གསར་གྱི་རླུང་འཚུབ་ཁྲོད་ནས་བསུབ་སོང་།དེ་དག་གླེང་དུས་ང་ཚོས་ཁག་སུ་ལ་འགེལ། མ་གཞི་རང་ཉིད་མིན་ནམ། ང་ཚོ་དེ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ན་མ་ཎི་ཡིག་དྲུག་ངག་ལ་བཟློ་བཞིན་པའི་ང་ཚོ་མིན་ནམ། ཨ་མྱེས་ཀྱི་བཤད་ན། པར་ཁང་བརླག་མཁན་གྱི་གཏེ་བོ་གཅིག་རིག་གསར་སྐབས་ཀྱི་མཚན་མོ་ཞིག་ལ་པར་ཁང་གི་སྒོ་སྲུང་ལ་བཞག་པ་དང་ཕྱི་ཉིན་དངགས་སྐྲག་ངང་འདས་གྲོངས་སུ་གྱུར་སོང་ཟེར། ཨ་མྱེས་ཀྱི་ང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། མི་དེ་ནི་པར་ཁང་སྲུང་བའི་ཆོས་སྐྱོང་དམ་ཅན་གྱི་བཀྲོང་བ་རེད་ཟེར། Big textBig text

                       མཐུ་བ་རྟ་མགྲིན་ནས་རྩོམ་སྒྲིག་བྱས། རྒྱབ་རྟེན་ཡིག་ཆ་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་དན་ཏིག་དཀར་ཆག་ཡིན།Big text