མཉམ་པར་བཞག་པ་
མཉམ་པར་བཞག་པ་ནི་སེམས་རྩེ་གཅིག་ཏུ་དམིགས་པ་ལ་གཏད་དེ་གནས་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ཤིག་ལ་ཟེར། འདི་ནི་ཆོས་ཉིད་ལ་སེམས་མཉམ་པར་འཇོག་པའམ་དོན་དམ་པའི་བདེན་པ་ལ་དམིགས་པའི་བསྒོམ་པའི་གནས་སྐབས་ཤིག་ཡིན།
ངོ་བོ།
[རྩོམ་སྒྲིག]དོན་དམ་པར་མཉམ་པར་བཞག་པའི་ངོ་བོ། "བདག་ནི་ཆོས་ཉིད་ལ་མཉམ་པར་བཞག་པ་ཡིན་ནོ། །ཅེས་པའང་ད་ནི་དེ་ལས་ལངས་སོ་ཞེས་རློམ་སེམས་མེད་དོ། །"[༡]ཞེས་གསུངས། འདི་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་ནས་དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའོ། །ཏིང་ངེ་འཛིན་དང་འབྲེལ་བ། མཉམ་པར་བཞག་པ་སེམས་རྩེ་གཅིག་ཏུ་གནས་པ་ཡིན་ཏེ། "སེམས་རྩེ་གཅིག་ཏུ་བསྡུས་པའི་རང་བཞིན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །"[༢]ཞེས་གསུངས།
དབྱེ་བ།
[རྩོམ་སྒྲིག]སྦྱོར་ལམ་དང་འབྲེལ་བ། "བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ།"[༣] ཞེས་གསུངས། ཡེ་ཤེས་དང་འབྲེལ་བ། "ཡེ་ཤེས་མཉམ་པར་བཞག་པས་སྐྱེད་པ་ནི། མཉམ་པར་སྙིང་རྗེ་སྡུག་བསྔལ་བསལ་བའི་ཕྱིར།"[༤] ཞེས་གསུངས། "ཆོས་ཉིད་དང་རྗེས་སུ་མཐུན་པར་རྣམ་རྟོག་མེད་པའི་ཡེ་ཤེས་ཀྱིས་འདུ་ཤེས་ཐམས་ཅད་འགོག་པ་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་ནི་བསལ་བཞག་མེད་པའི་གཤིས་རྣལ་མ་བབ་ཀྱིས་སྐྱོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ། །"[༥]ཞེས་གསུངས།
རྩོད་སྤོང།
[རྩོམ་སྒྲིག]རློམ་སེམས་ཀྱི་རྩོད་པ། "ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ན་བདག་ནི་མཉམ་པར་བཞག་ཅེའམ། དེ་ལས་ལངས་སོ་ཞེས་སྙམ་པའི་བདེན་ཞེན་གྱི་རློམ་སེམས་མེད་དོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཕུང་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཡོངས་སུ་ཤེས་ནས་རྩེ་གཅིག་ཏུ་སྒོམ་པའི་ཕྱིར་རོ། །"[༦]ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 23
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 21
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 7a
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 103
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 20a-21b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 7a