མཆོག་གི་སྤྲུལ་སྐུ་
མཐོང་རིས་
མཆོག་གི་སྤྲུལ་སྐུ།
[རྩོམ་སྒྲིག]སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལ། སྤྲུལ་སྐུ་ལ་གསུམ་དུ་ཕྱེ་བའི་ནང་གསེས་ཤིག་སྟེ། བདག་ཅག་གི་སྟོན་པ་ལྟ་བུ་མཆོག་གི་སྤྲུལ་སྐུ་ཡིན་ཏེ། སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གསུང་མངོན་མཐོ་ངེས་ལེགས་ཀྱི་དོན་ཚང་བར་བསྒྲུབས་པའི་ཆོས་འཁོར་རྫོགས་པར་བསྐོར་བ་དང་། གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་རྫོགས་པར་སྟོན་པས་ན་མཆོག་གི་སྤྲུལ་སྐུའམ་བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་ཞེས་ཟེར་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་འདུལ་བའི་དོན་དུ་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་སྟོན་པར་མཛད་པའི་ནང་ནས་མཚན་བཟང་དཔེ་བྱད་ཀྱིས་བརྒྱན་པའི་དགེ་སློང་གི་རྣམ་པར་བརྟན་པའི་སྤྲུལ་པ་མི་ཡུལ་དུ་བྱོན་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད།