མཆེད་པའི་རང་བཞིན་བཞི་བཅུ་
མཆེད་པའི་རང་བཞིན་བཞི་བཅུ།
[རྩོམ་སྒྲིག]འཐོབ་བྱའི་ཡུལ་ལ་ཡིད་ཆགས་པ་དང་། ཐོབ་ཟིན་གྱི་ཡུལ་ལ་ཆགས་པའི་ཞེན་པ་དང་། ཡུལ་ཡིད་དུ་འོང་བར་སྣང་ཙམ་ལ་སེམས་ལ་འཕྲོད་པ་ནི་དགའ་བ་ཆེ་ཆུང་གི་དབྱེ་བས་གསུམ་དང་། འདོད་དོན་འགྲུབ་པ་ལ་དགའ་བ་རངས་པ་དང་། དེ་ཉིད་རྣམ་པ་ཡང་ཡང་རོ་མྱོང་བ་ནི་ཤིན་ཏུ་མགུ་བ་དང་། གསར་ཐོབ་རེ་ལ་བརྟེན་ནས་སེམས་མཐོ་ཡེ་རེ་བར་བཏེག་པ་ནི་ངོ་མཚར་བ་དང་། ཡིད་འོངས་གི་ཕྱོགས་ལ་སེམས་སྙེགས་པ་ནི་རྒོད་པ་དང་། བདེ་བས་ངོམས་པ་ནི་ཚིམ་པའོ། ། འཁྱུད་པར་འདོད་པའི་སེམས་ནི་མཚོན་བྱེད་དེ་ཡུལ་ལ་ཆགས་པའི་དབང་གིས་ལུས་ངག་གི་བྱ་བ་རྩོམ་འདོད་དོ། །འོ་བྱེད་པར་འདོད་པ་ནི་མཚོན་བྱེད་དེ་ཆགས་པའི་བྱེད་པ་ཡང་ཡང་རྩོམ་འདོད་དོ། དེ་བཞིན་དུ་འཛིན་པར་འདོད་པའང་མཚོན་བྱེད་དེ་བྱེད་པ་དེའི་རྒྱུན་མི་ཐུབ་པ་ནི་བརྟན་པ་དང་། དགེ་བ་ལ་སྤྲོ་བ་ནི་བརྩོན་འགྲུས་དང་།རིགས་པ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་མཆོ་བར་སེམས་པ་ནི་ང་རྒྱལ་ཏེ་ང་རྒྱལ་བདུན་ལ་སོགས་པའོ། །ལས་སུ་བྱ་བ་རྣམས་རྫོགས་པར་བྱེད་པའི་རྩོལ་བ་མི་འདོར་བའི་འདུ་བྱེད་ནི་བྱ་བ་དང་། བརྣབ་སེམས་ནི་འཕྲོག་པ་དང་། གཞན་འཇོམས་པར་འདོད་པའི་སྟོབས་དང་། ལས་ཕལ་པ་ལ་ཡིད་འཇུག་པའི་སྤྲོ་བ་དང་། ལྷན་སྐྱེས་ཞེས་པ་དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ཏེ། ས་ཧ་ས་ཞེས་པ་ལ་ས་ཧ་ཛ་ཞེས་པ་ནོར་རོ། ། དེས་ན་ཚམ་ཚོམ་དུ་བསྒྱུར་བའི་སྐྱོན་ཏེ། ས་ཧ་ས་ཞེས་པ་ལ་ས་ཧ་ཛ་ཞེས་པ་ནོར་རོ། དེས་ན་ཚམ་ཚོམ་དུ་བསྒྱུར་བ་དང་། ཆག་གིས་ནུས་པར་བསྒྱུར་ཏེ་དེ་གཉིས་ཀྱང་ཆག་གིས་བསྒྱུར་བ་ལྟར་ལེགས་སོ། །དེ་ནི་བྱ་དཀའ་བ་ལ་སྦྱོར་དགོས་ཀྱང་། མི་ཞུམ་པའི་སྙིང་སྟོབས་ཏེ་ཆེ་ཆུང་་གི་དབྱེ་བས་གསུམ་མོ། ། དེ་བཞིན་དུ་དྲག་པོ་ནི་ཁྲོ་བ་སྟེ་རྩོད་འདོད་ལ་སོགས་པའོ། ། གཞན་ཡང་མཛེས་ཆོས་སུ་སེམས་པའི་སྒེག་པ་དང་། འཁོན་དུ་འཛིན་པའི་ཞེ་འགྲས་ཉིད་དང་། དགེ་བ་ལ་ཡི་རང་བའི་དགེ་བ་དང་། གཞན་གྱིས་གོ་བར་འདོད་པའི་ཚིག་གསལ་དང་། བདེན་པར་སྨྲ་བར་འདོད་པ་དང་། མི་བདེན་པ་སྟེ་རྫུན་སྨྲ་བར་འདོད་པ་དང་། དམ་བཅའ་བརྟན་པོར་འཆའ་བའི་ངེས་པ་དང་། ཡུལ་གྱི་སྐྱོ་བའི་རྒྱུ་ལས་ཡུལ་ཡོངས་སུ་འཛིན་པར་མི་འདོད་པ་ཉེ་མར་མི་ལེན་པ་དང་། སྦྱིན་པར་འདོད་པ་པོའི་བློ་དང་། གཞན་དག་ལས་བྱ་བ་ལ་བསྐུལ་བར་འདོད་པ་དང་། སྒྲིབ་པ་ལས་གྲོལ་བར་འདོད་པ་དཔའ་བོའི་སེམས་པ་དང་། ཉེས་པ་ལ་མི་འཛེམ་པས་ངོ་ཚ་མེད་པ་དང་། གཞན་བསླུ་བར་སེམས་པའི་སྒྱུ་དང་གདུག་པ་ཅན་གྱི་ལྟ་བ་ངན་པ་ལ་ཞེན་པ་སྟེ་ལྟ་ངན་ལྔ་དང་། གཞན་གྱི་གནས་ལུས་ལོངས་སྤྱོད་ཆུད་གསོན་ཀྱང་ཇི་མི་སྙམ་པའི་ཐོ་བརྩམས་པ་ནི་མི་བསྲུན་པ་དང་། རང་གི་ཉེས་པ་སྦེད་པའི་གཡོ་ནི་གྱ་གྱུ་ཉིད་དེ་བཅས་པའོ། །