མངོན་སུམ་ལྟར་སྣང་
མཐོང་རིས་
མངོན་སུམ་ལྟར་སྣང།
[རྩོམ་སྒྲིག]རང་གི་སྣང་ཡུལ་ལ་འཁྲུལ་པའི་ཤེས་པ། དབྱེ་ན། རྟོག་མེད་མངོན་སུམ་ལྟར་སྣང་དང་། རྟོག་པ་མངོན་སུམ་ལྟར་སྣང་གཉིས། རྟོག་པ་མངོན་སུམ་ལྟར་སྣང་ནི། སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་དང་། འདས་པའི་དོན་དྲན་པའི་ཤེས་པ། མ་འོངས་པའི་དོན་དྲན་པའི་ཤེས་པ་ལྟ་བུའོ། རྟོག་མེད་མངོན་སུམ་ལྟར་སྣང་ནི། རབ་རིབ་ཅན་ལ་སྐྲ་ཤད་འཛག་པ་སྣང་བའི་དབང་ཤེས་ལྟ་བུ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།