Jump to content

མངོན་རྟོགས་

ཡོང་ཁུངས་Wikipedia

མངོན་རྟོགས་ནི་ཕར་ཕྱིན་གྱི་གཞུང་དུ་གཙོ་བོར་འབྱུང་བའི་ཐ་སྙད་གལ་ཆེན་ཞིག་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་བརྗོད་བྱ་གཙོ་བོ་དང་། བྱམས་ཆོས་སྡེ་ལྔའི་ཡ་གྱལ་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །

མཚན་ཉིད།

[རྩོམ་སྒྲིག]

"ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་"[]ཅེས་པ་སྟེ། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོ་དགོས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

མངོན་སུམ་དུ་རྟོགས་པ་སྟེ། "རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་བརྗོད་བྱར་བྱས་ནས་བསྟན་པའི་ཕྱིར་གཞུང་འདི་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཐོབ་པའོ། །"[]ཞེས་གསུངས་པ་ལྟར། སྒྲིབ་པའི་གཡོགས་པ་མེད་པར་གསལ་བར་རྟོགས་པ་ལ་འཇུག་གོ །

དབྱེ་བ།

[རྩོམ་སྒྲིག]

མངོན་རྟོགས་རྒྱན་གྱི་དབྱེ་བ། "རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་དང་པོ་ཐེག་ཆེན་སེམས་བསྐྱེད་"[]ཅེས་སོགས་གསུངས་སོ། ། རྩེ་མོའི་མངོན་རྟོགས་ཀྱི་དབྱེ་བ། "དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང་། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་གསུངས་པ་ཡིན་ནོ། །"[]

ཁྱད་ཆོས།

[རྩོམ་སྒྲིག]

ལམ་གྱི་མངོན་རྟོགས་ཀྱི་ཁྱད་ཆོས། "ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་པའི་སྐབས་ཕྲན་འདི་དག་ཀྱང་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་སྟོན་པར་བྱེད་པའི་ཆོས་རྣམས་མི་དམིགས་པའི་ཆ་ནས་ཤེས་རབ་རྟོགས་བྱེད་ཀྱི་མངོན་རྟོགས་ཡིན་པས་དེའི་ཆ་ནས་བསྟན་ཏེ།"[] ཞེས་གསུངས་པ་ལྟར། མི་དམིགས་པའི་ཚུལ་གྱིས་རྟོགས་པ་ནི་མངོན་རྟོགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ནོ། ། མཐར་གྱིས་པའི་མངོན་རྟོགས་ཀྱི་ཁྱད་ཆོས། "རྩེ་མོའི་མངོན་པར་རྟོགས་པ་སོ་སོ་དང་བསྡུས་པའི་དོན་རྟོགས་པ་ཐོབ་པ་རིམ་པར་བྱ་སྟེ། བརྟན་པར་བྱ་བའི་ཕྱིར་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར།"[] ཞེས་གསུངས་པ་ལྟར་རོ། །

རྩོད་སྤོང་།

[རྩོམ་སྒྲིག]

སྦྱོར་ལམ་གྱི་མངོན་རྟོགས་ལ་རྩོད་སྤོང་། "ཕུང་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཡོངས་སུ་ཤེས་ནས་རྩེ་གཅིག་ཏུ་སྒོམ་པའི་ཕྱིར་རོ། །དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་གསུངས་པའི་ཆོས་མཆོག་གི་ཤེས་རབ་ལ་སྤྱོད་ཅིང་། དེས་ནི་བདེན་ཞེན་གྱིས་སྤྱོད་པ་མེད་པར་སྤྱོད་པ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར་ན། ཆོས་གང་ལ་སྤྱོད་པ་དེ་ཡང་དོན་དམ་པར་དམིགས་པར་མི་འགྱུར་ཏེ། དོན་དམ་པར་གྲུབ་པའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། སྦྱོར་ལམ་གྱི་གནས་སྐབས་སུ་ཡང་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་ནི་མངོན་རྟོགས་ཀྱི་རང་བཞིན་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. 1འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་2b།
  2. 1འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་2b།
  3. 3 ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་5a།
  4. 4 སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་136།
  5. 2 ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་33།
  6. 4 སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་136།
  7. 3 ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་7a།