མངོན་བརྗོད།་
རི་
རི
[རྩོམ་སྒྲིག]ཤེས་བྱའི་ཆོས་རེ་རེ་ལ་མིང་གི་རྣམས་གྲངས་མང་པོའི་སྒོ་ནས་བརྗོད་པ་ཞིག་ལ་ཟེར། དཔེར་ན། ཉི་མ་ནི་ཡོངས་སུ་གྲགས་པའི་མིང་ཡིན་ཅིང་། དེ་མིན་ནམ་མཁའི་ནོར་བུ། སྲིད་པའི་སྒྲོན་མེ། པདྨའི་གཉེན་ཞེས་པ་སོགས་ཁྱད་ཆོས་དང་འདྲ་ཆོས་སོགས་ཀྱི་སྒོ་ནས་བཏགས་པའི་མིང་སུམ་ཅུ་ལྷག་ཙམ་ཡོད་པ་ལྟ་བུ་ནི་མིང་གི་མངོན་བརྗོད། ལག་པ། ཟུང་། མིག་ཟེར་བ་ལྟ་བུ་གྲངས་གཉིས་ཀྱི་མངོན་བརྗོད་ཡིན་པ་སོགས་གྲངས་ཀྱི་མངོན་བརྗོད། འཕུར་འགྲོ་ཞེས་པ། མདའ་དང་། བྱ། ལྷ་སོགས་དོན་མང་པོ་ལ་འཇུག་པ་ནི་མིང་གཅིག་དོན་མང་ཡིན་པས་མངོན་བརྗོད་ཤེས་ན་མོང་ལ་མི་རྨོངས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། ཞིབ་པར་ནི་སློབ་དཔོན་འཆི་མེད་སེང་གེས་མཛད་པའི << མངོན་བརྗོད་འཆི་མེད་མཛོད >> དང་། དེའི་འགྲེལ་པ << འདོད་འཇོའི་བ་མོ >> ཞེས་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡོད། གཞན་ཡང་བོད་ཀྱི་མཁས་པས་མཛད་པ་དཔེར་ན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི << མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག >> དེའི་སློབ་མ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི << མངོན་བརྗོད་ཀྱི་བསྟན་བཅོས >> སྣར་ཐང་ལོ་ཙཱ་བ་སངྒ་ཤྲིའི << མངོན་བརྗོད་གསེར་ཕྲེང་རོལ་པ >> དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི <<མངོན་བརྗོད་མིང་གི་ཚོགས་གསལ་བར་བྱེད་པ་བློ་གསལ་རྣ་ཆ >> སྙེ་ཐང་བློ་བརྟན་བཞི་པས་མཛད་པའི <<མངོན་བརྗོད་སྡེ་ཚན་བདུན་པ >> རིན་སྤུངས་
ངག་དབང་འཇིགས་གྲགས་ཀྱིས་མཛད་པའི << མངོན་བརྗོད་མཁས་པའི་རྣ་རྒྱན >> ( འདི་དཔར་མའི་ནང་འགོ་མཇུག་བསྡོམས་ཡིག་ཕྲེང་སུམ་ཅུ་ལྷག་ཙམ་ཆད་སྐྱོན་བྱུང་འདུག ) དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་ <<མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས >> དང་གྲངས་ཀྱི་མངོན་བརྗོད་སོགས་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།