མངོན་གྱུར་
མཐོང་རིས་
མངོན་གྱུར།
[རྩོམ་སྒྲིག]མངོན་ལྐོག་གཉིས་ཀྱི་འདོད་ཚུལ་འདིར་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡོད་དེ། ཐལ་འགྱུལ་བ་ལས་གཞན་པའི་རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད་དང་། མངོན་འགྱུར་དང་དངོས་པོ་དོན་གཅིག་ཏུ་འདོད། ཐལ་འགྱུར་བས་ནི་རྟགས་ལ་མ་བརྟེན་པར་མྱོང་སྟོབས་ཀྱིས་ངེས་ནུས་པའི་ཆོས་དེ་མངོན་གྱུར་གྱི་མཚན་ཉིད་དང་། མངོན་གྱུར་དང་མངོན་སུམ་དོན་གཅིག་ཏུ་འདོད་པས་དབང་ཤེས་ཀྱི་གཟུང་བྱ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་ཙམ་ཞིག་མངོན་གྱུར་དུ་འདོད།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།