མངའ་རིས་སྐོར་གསུམ་
མཐོང་རིས་
མངའ་རིས་སྐོར་གསུམ།
[རྩོམ་སྒྲིག]མངའ་རིས་ནི་རྒྱལ་པོའི་ཆབས་འབང་ཀྱི་མིང་སྟེ་རྒྱལ་པོ་ལ་མངའ་བདག་དང་འབངས་ལ་མངའ་རིས་ཞེས་ཟེརཞིང་། གངས་གཡའ་མཚོ་གསུམ་གྱིས་བསྐོར་བའི་ཡུལ་ལུང་ཁག་གསུམ་སྟེ། དུས་རབས་དགུ་པའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་གདུང་རྒྱུད་དཔལ་ལྡེ་རིག་པ་མགོན་གྱིས་བཟུང་བའི་མངའ་རིས་མང་ཡུལ་ཏེ། ཟངས་དཀར་མཚོ་ཡིས་བསྐོར་བ་དང་བཀྲ་ཤིས་བདེ་མགོན༼ཉི་མ་མགོན་ཞེས་ཀྱང་འདྲེན་སྲོལ་འདུག༽གྱིས་བཟུང་བའི་མངའ་རིས་སྟག་མོ་སྟེ། སྤུ་རངས་གངས་ཀྱིས་བསྐོར་བ། ལྡེ་གཙུག་མགོན་གྱིས་བཟུང་བའི་མངའ་རིས་ཞང་ཞུང་སྟེ། གུ་གེ་གཡའ་ཡིས་བསྐོར་བ་བཅས་གསུམ་ལ་མངས་རིས་བསྐོར་གསུམ་ཟེར་བའི་མིང་ཟུར་དུ་བཏགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།