Jump to content

མགྲོན་ཤོག་འདྲི་ཚུལ་

ཡོང་ཁུངས་Wikipedia

[]

  1. ༄༅།། མགྲོན་ཤོག ༄༅། །མགྲོན་ཤོག་ནི་ཚོགས་ཆེན་གཟབ་རྒྱས་སོགས་ཀྱི་མཛད་སྒོའམ་རྟེན་འབྲེལ་བྱེད་སྒོ་དང༌། མཉམ་འབྲེལ་སྤྲོ་ཚོགས། རིག་རྩལ་དགོང་ཚོགས། ཁང་གསོལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་སྐབས་སུ་གོང་རིམ་འགོ་ཁྲིད་དང༌། སྤུན་ཟླའི་ཚན་ཁགགྲགས་ཅན་མི་སྣ། བློ་མཐུན་དགའ་ཉེ་སོགས་གདན་འདྲེན་ཞུ་བའི་མགྲོན་བརྡའི་ཤོག་ལྷེ་ཞིག་ལ་བརྗོད་ཅིང༌། དེང་སང་ཤོག་བུ་དམར་པོ་སྤུས་ལེགས་ཤིག་གི་ཐོག “ མགྲོན་ཤོག ” ཅེས་པའི་ཡི་གེ་པར་དུ་བཏབ་ཡོད་ཅིང༌། མགྲོན་ཤོག་འབྲི་སྐབས་མགྲོན་པོའི་མཚན་དང༌། གང་གི་སླད། དུས་ཚོད་ག་དུས་བཅར་དགོས་པ། ས་གནས་གང་དུ་ཡིན་པ། མགྲོན་བརྡ་གཏོང་མཁན་ཚན་པའམ་མིའི་མིང༌། ལོ་ཟླ་ཚེས་གྲངས་བཅས་ཁ་གསལ་བྲི་དགོས། དཔེ་གཞི 1 མགྲོན་ཤོག ༄༅། །གཞིས་རྩེ་ཏང་གི་སློབ་གྲྭའི་ བློ ་མཐུན××ལགས། འདི་ཟླའི་ཚེས××རེས་གཟའ་ཕུར་བུའི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་མང་ཚོགས་སྒྱུ་རྩ་ཁང་དུ་ཤེས་ཡོན་ཅན་གྱི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་ཡིན་པས་སྐུ་ཉིད་དུས་ཐོག་ཏུ་ངེས་ཕེབས་ཡོད་པ་ཞུ། ས་ཨུད་རྩ་འཛུགས་པུའུ། ས་གནས་མི་དོན་ཅུས།ས་གནས་བཟོ་ཚོགས་བཅས་ཀྱིས། ××××ལོའི་ཟླ××ཚེས××ལ། དཔེ་གཞི 2 མགྲོན་ཤོག ༄༅། །སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད××མཆོག་ལ།   འདི་ཟླའི་ཚེས××དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག་ལྗོངས་སྒྱུ་རྩལ་ཁང་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་དགོང་ཚོགས་འཚོག་རྒྱུ་ཡིན་པས་སྐུ་ཉིད་ཕེབས་གནང་ཡོད་པ་ཞུ་རྒྱུ་དང་སྦྲགས་གསུང་བཤད་ཀྱང་གནང་རོགས་ཞུ་རྒྱུ་བཅས། ལྗོངས་སྒྱུ་རྩལ་ཁང་གིས། ××××ལོའི་ཟླ××ཚེས××ཉིན་ཕུལ།