མཁར་བཙན་རྒྱལ་ཁབ་
མཁར་བཙན་རྒྱལ་ཁབ་ (City-State) ཞེས་པ་འདི་བོད་ཀྱི་སྐད་དུ་མཁར་གྱི་རྒྱལ་ཁབ་དང་། རྒྱལ་ཕྲན་རྒྱལ་ཁབ་བཅས་སུ་འགྱུར་འདུག་མོད། ཞིབ་ཀྱིས་བརྟགས་ཤིང་དཔྱད་ན། དང་པོ་ལ་ཚིག་གི་ཁྱད་ཆོས་ཤིག་ལས་མིང་གི་ཁྱད་ཆོས་མེད་པ་དང་། གཉིས་པ་ནི་རྒྱལ་ཁབ་ཅིག་གི་ཆ་ཤས་ཤིག་ལས། མཁར་གྱི་གྲོང་ཁྱེར་དེ་ཉིད་ཁྲིམས་འགོ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་མཚོན་མི་ཐུབ་པས་སོ།། གནའ་བོའི་གྲོང་ཁྱེར་གྱི་དབུས་སུ་མཁར་མཐོན་པོ་བརྩིགས་ཤིང་དེའི་མཐའ་རུ་རུས་སྡེ་མང་པོས་བསྐོར་ཅིང་། ཆབ་སྲིད་ཀྱི་ལས་དོན་སྒྲུབ་ཤག་མཐའ་དག མཁར་གྱི་ནང་དུ་འདུས་ནས་ཁྲིམས་འགོ་རང་བཙན་དང་ས་ཁོངས་རང་སྐྱོང་གིས་གྲུབ་ཡོད་པ་ཞིག་རེད་འདུག གནའ་བོའི་གྲོང་ཁྱེར་གྱི་དབུས་སུ་བརྩིགས་པའི་མཁར་ནི་སྲིད་འཛིན་གྱི་ལྟེ་གནས་ཤིག་ཆགས་སྟབས། མཁར་ལྟེ་བ་ཡིན་པའི་གྲོང་ཁྱེར་དེ་ཁྲིམས་འགོ་རང་བཙན་གྱིས་གནས་པའི། རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ མཁར་བཙན་རྒྱལ་ཁབ་ཏུ་བསྒྱུར་པའོ།། དབྱིན་ཡིག་གིStateཟེར་བའི་ཡིག་ཆེན“S”སྔོན་དུ་ཡོད་ཚེ། ཆབ་སྲིད་ས་ཁམས་རིག་པའི་ངོས་ནས་ཡི་གེ་དེས། ཁྲིམས་འགོ་རང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་ཞིག་མཚོན་གྱིན་ཡོད་པས་ཀྱང་དེ་བཞིན་བསྒྱུར་པ་ཡིན།