མ་ཧྰ་
མ་ཧཱ་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་"ཆེན་པོ"ཞེས་པའི་དོན་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་ནང་དུ་"མ་ཧཱ་ས་མ་ཡ་སཏྭ"ཞེས་སྦྱར་ཏེ་"དམ་ཚིག་ཆེན་པོ་སེམས་དཔའ"ཞེས་པའི་དོན་སྟོན། འདིར་"ཆེན་པོ"ཞེས་པ་ནི་གསང་སྔགས་ཀྱི་དམ་ཚིག་ཁྱད་པར་ཅན་ཞིག་སྟེ། ཐབས་སྙིང་རྗེ་དང་ཤེས་རབ་སྟོང་ཉིད་ཟུང་འཇུག་གི་ལྟ་བ་གཞིར་བཞག་པ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]མ་ཧཱ་ནི་སཾ་སྐྲྀ་ཏའི་སྐད་དུ་"ཆེན་པོ"ཞེས་པའི་དོན་ཏེ།
"མ་ཧཱ་ཞེས་པ་ཆེན་པོ།"[༡]
དོན་སྙིང་།
[རྩོམ་སྒྲིག]མ་ཧཱ་ཞེས་པ་དེ་ས་མ་ཡ་དང་སཏྭ་གཉིས་ཀྱི་སྔོན་དུ་སྦྱར་ཏེ་"དམ་ཚིག་ཆེན་པོ་སེམས་དཔའ"་ཞེས་པའི་དོན་སྟོན་པ་ཡིན།
"མ་ཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ་སྟེ། དུས་དང་བྲལ་བའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་སེམས་དཔའ་ཆེན་པོ་ཞེས་བྱའི་དོན་ཡིན་ཞིང་། མཐར་དེ་ལ་བོད་པའི་དོན་དུ་སི་བྱིན་པའོ།"[༡]
སྦྱོར་ཚུལ།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་ནང་དུ་"མ་ཧཱ་ས་མ་ཡ་སཏྭ"ཞེས་སྦྱོར་ཏེ།
"མ་ཧཱ་ས་མ་ཡ་སཏྭ་ཨཱཿནི། མ་ཧཱ་ནི་ཆེན་པོ། ས་མ་ཡ་ནི་དམ་ཚིག། སཏྭ་ནི་སེམས་དཔའ། ཨཱཿནི་གསུང་རྡོ་རྗེ་མཚོན་པའི་ཡིག་འབྲུའོ། དེ་བསྡོམས་ན། དམ་ཚིག་ཆེན་པོ་སེམས་དཔའ་གསུང་ཞེས་པ་སྟེ"[༢]
དམ་ཚིག་ཆེན་པོའི་དོན་གནད།
[རྩོམ་སྒྲིག]འདིར་"ཆེན་པོ"་ཞེས་པ་དམ་ཚིག་གི་ཁྱད་པར་མཚོན་པ་ཡིན་ཏེ།
"སྤྱིར་ཐེག་པ་ཆེན་པོ་མདོ་སྔགས་སྤྱིའི་ལྟ་བའི་སྲོག་ཤིང་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཆེན་པོ་ཟུང་དུ་འཇུག་ལྟ་བ་འདི་ཉིད་གཞིར་བཞག་པའི་སྟེང་ནས། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དགོངས་པའི་ཞེ་ཕུག་གཅིག་ཉིད་ཡིན་པ་ལ།"[༢]
གསང་སྔགས་ཀྱི་ཁྱད་པར།
[རྩོམ་སྒྲིག]གསང་སྔགས་ཀྱི་དམ་ཚིག་ཆེན་པོ་ནི་སྤྱིའི་དམ་ཚིག་ལས་ཁྱད་དུ་འཕགས་པ་ཡིན་ཏེ།
"སྨིན་གླིང་གཏེར་ཆེན་གྱིས་སྨོན་ལམ་རྡོ་རྗེའི་རྒྱ་མདུད་ལས། ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག། ཁྱབ་གདལ་ཆེན་པོར་རེ་དོགས་མདུད་པ་གྲོལ། རྫོགས་པ་ཆེན་པོའི་ཆོས་སྐུ་མངོན་གྱུར་ཤོག། ཅེས་གསུངས་པ་ལྟར་བཅོས་མའི་སྤང་བླང་དགག་སྒྲུབ་མཚན་འཛིན་ཐམས་ཅད་ཡེ་ནས་མ་སྤངས་རང་གྲོལ་ཆེན་པོའི་ལྟ་བ་དེ་ཉིད་རྟོགས་ན་དམ་ཚིག་ཆེན་པོའི་སེམས་དཔའ་འམ་དམ་ཚིག་ཆེན་པོ་འཛིན་པའི་སྙིང་སྟོབས་ཅན་ཡང་དེ་ཡིན་པར་བསྟན་པའོ།"[༢]
བོད་སྐད་དུ་འཚེལ་ཚུལ།
[རྩོམ་སྒྲིག]ལོ་ཙཱ་བ་རྣམས་ཀྱིས་མ་ཧཱ་ས་མ་ཡ་སཏྭ་འདི་བོད་སྐད་དུ་འཚེལ་དུས།
"མ-ཧཱ-ས-མ-ཡ-སཏྭ-ཨཱཿ ཞེས་པ་ནི་། དམ་ཚིག་ཆེན་པོ་སེམས་དཔའ། ཞེས་པར་བསྒྱུར། དེའང་སྔར་བཤད་པའི་དམ་ཚིག་ཆེན་པོའི་སེམས་དཔའ་དེ་ལ་བོད་པའི་ཚུལ་དུ་སི་བྱིན་པའོ།"[༣]