མ་ཧཱ་ཙི་ན།
མཐོང་རིས་
མ་ཧཱ་ཙི་ན།
[རྩོམ་སྒྲིག]འདི་ལ་ཐུའུ་ཀཱན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་དཀར་མེ་ལོང་ལེ་ཚན་བཅུ་པའི་ཤོག་གྲངས་༡ལས་རྒྱ་གར་བ་རྣམས་ཀྱིས་རྒྱ་ནག་གི་ཡུལ་ལ་མ་ཧཱ་ཙི་ན་ཞེས་འབོད་དེ། མ་ཧཱ་ནི་ཆེན་པོ་དང་ཙི་ན་ཞེས་རྒྱ་ནག་གི་སྐད་ཆིན་(秦)ཞེས་པའི་སྒྲ་ཟུར་ཉམས་པ་སྟེ། རྒྱ་ཡི་རྒྱལ་པོ་རྣམས་ཀྱི་ཆིན་གྱི་རྒྱལ་སྲིད་ལ་ཆིན་ཧྲི་ཧོའང(秦始皇)བྱ་བའི་རྒྱལ་པོ་སྟོབས་དང་མངའ་ཐང་ཤིན་ཏུ་ཆེ་བ་ཞིག་གིས་མཐའ་དབུས་ཀྱི་ཡུལ་གྲུ་མང་པོ་དབང་དུ་བསྡུས་པའི་མིང་ལ་ཡང་རྒྱལ་སྲིད་ཀྱི་མིང་གིས་འབོད་དེ་ཆིན་གྱི་རྒྱལ་ཁམས་ཞེས་པ་སྒྲ་ཉམས་ནས་ཙི་ན་ཞེས་གྲགས་པར་སྣང་ངོ་ཞེས་བཤད། སྔར་གྱི་བཤད་རྒྱུན་དུ་ཤན་ཌའུ(神州)ཞེས་ལྷ་གླིང་དུ་འབོད་པ་ཡིན་ཚུལ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》བོད་ཡིག་ལས་འབྱུང་། །