མ་རིག་པ།
མཐོང་རིས་
མ་རིག་པ།
[རྩོམ་སྒྲིག]ལས་འབྲས་ཀྱི་བླང་དོར་དང་བདེན་པ་བཞིའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་སྟེ། གོ་དོན་སྟབས་བདེ་བའི་དབང་དུ་བྱས་ན། བླང་དོར་གྱི་གནས་ལ་རྨོངས་པའི་སེམས་བྱུང་ངམ། རྩ་ཉོན་དྲུག་གི་ཡ་གྱལ་ཞིག་སྟེ། རིག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་དང་། ཤེས་པ་གང་ཞིག་རང་ཡུལ་དམིགས་པའི་ཚེ་ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་མི་ཤེས་པར་ཀུན་ཉོན་སྐྱེ་བའི་སྒོར་གྱུར་པ་སྟེ་ཁྱད་ཆོས་གསུམ་ལྡན་ཞིག་ཡིན། ཞིབ་པར་དབུ་མ་རིག་ཚོགས་དྲུག་གི་རྩ་འགྲེལ་རྣམས་ལ་གཟིགས།