མ་ཡིན་དགག
མཐོང་རིས་
མ་ཡིན་དགག
[རྩོམ་སྒྲིག]རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཅད་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པ་དེ། མ་ཡིན་དགག་གི་མཚན་ཉིད། མཚན་གཞི་ནི། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལྟ་བུའོ། །དེ་ཡང་དཔེར་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དངོས་སུ་བཀག་ནས་དེའི་ཤུལ་བཀག་ཙམ་དེ་ལས་ཆོས་གཞན་པ་མཚན་མོ་ཟས་ཟ་བ་འཕེན་པ་སྟེ་རྟོགས་པ་ཡིན་པའི་ཕྱིར་ཚོན་པོ་ཞེས་པས་ཟས་ཟ་བར་བསྟན་ལ། ཟས་ཟ་བའི་དུས་ཉིན་མཚན་གཉིས་ལས། ཉིན་མོ་ཟས་ཟ་བ་དངོས་སུ་བཀག་ན་མཚན་མོ་ཟས་ཟ་བ་ཤུགས་ལ་གོ་བས་སོ།