མ་འགོག་མོ་
མཐོང་རིས་
༼གླིང་རྗེ་གེ་སར་རྒྱལ་པོ་༽ མ་འགོག་མོ་ནི་ཀླུ་རྒྱལ་གཙུག་ནག་རིན་ཆེན་གྱི་སྲས་མོ་ཡིན་པ་དང་མཚན་ལ་ཡང་མེ་ཏོག་ལྷ་མཛེས་ཟེར། སློབ་དཔོན་པདྨ་འབྱུང་གནས་ཀླུ་ཡི་ཡུལ་དུ་གདན་དྲང་ནས་ནད་ཡམས་བཅོས་པའི་དྲིན་ལན་དུ་ཀླུ་རྒྱལ་གྱིས་མེ་ཏོག་ལྷ་མཛེས་མི་ཡུལ་དུ་གཏང་བ་རེད། འགོག་ཡུལ་དུ་གནས་ཕྱིར་འགོག་མོ་ཡང་ཟེར། སྔོན་འགོག་གླིང་འཁྲུག་སྐབས་སྤྱི་དཔོན་གྱི་སྲས་འབྲིང་བ་གླེན་པ་ཆོས་རྒྱལ་འགོག་ལ་ཤོར་བས་རྒྱ་ཚས་འགོག་ལ་དམག་དྲང་པ་དང་སེང་བློན་གྱིས་མདའ་མོ་མངོན་ཤེས་འདྲ་བ་ཞིག་བཏབ་པས་མོ་ཡོན་དུ་འགོག་མོ་བག་མར་ཐོབ་པ་རེད། དེ་རྗེས་ཀླུ་རྒྱལ་སྲས་མོ་འགོག་བཟའ་ལས་གེ་སར་ནོར་བུ་དགྲ་འདུལ་སྐུ་འཁྲུངས་པར་གྲགས་སོ།