Jump to content

མ་ནུ་བཅུ་བཞི །

ཡོང་ཁུངས་Wikipedia

མ་ནུ་བཅུ་བཞི །

[རྩོམ་སྒྲིག]

མ་ནུ་ཞེས་པ་ལེགས་སྦྱར་གྱི་སྐད་དེ་མིའམ་མིའི་རིགས་ཞེས་པའོ། །སྔར་རྒྱ་གར་དུ་མིའི་རིམ་པ་མི་འདྲ་བ་བཞིར་ཕྱེ་བའི་ནང་ནས་རྒྱལ་རིགས་ལ་རྐང་ཐང་དང་། རྟ་པ། གླང་ཆེན། ཤིང་རྟ་པ་བཞི་དང་། བྲམ་ཟེའི་རིགས་ལ་ནགས་གནས་དང་། ཁྱིམ་གནས། དཀའ་ཐུབ་པ་གསུམ། རྗེ་རིགས་ལ་ཡིག་མཁན་དང་། ཚོང་པ། སྨན་པ་གསུམ། དམངས་རིགས་ལ་ས་གཞི་རྨོ་བ་དང་། བ་ལང་སྐྱོང་བ། འཇིམ་ལས་པ། ཁྱིམ་གནས་པ་བཞི་བཅས་བསྡོམས་ནས་བཅུ་བཞི་ཡོད། །