Jump to content

མ་ནུ་པཱ་ལ་ཡ་

ཡོང་ཁུངས་Wikipedia

མ་ནུ་པཱ་ལ་ཡནི་རྡོ་རྗེ་སེམས་དཔའ་ལ་དམ་ཚིག་གི་ཡེ་ཤེས་ཀྱིས་རྗེས་སུ་ཞུགས་ནས་རང་གི་སེམས་རྒྱུད་ལ་སྐྱོང་སྲུང་གནང་རོགས་ཞེས་འདུན་པའི་གསོལ་འདེབས་ཀྱི་ཚིག་ཡིན། དམ་ཚིག་ལས་འདས་ན་ངན་སོང་དང་མནར་མེད་དུ་སྐྱེ་བའི་ཉེན་ཁ་ཡོད་པས། རྡོ་རྗེ་སེམས་དཔའི་ཐུགས་རྗེ་དང་དངོས་གྲུབ་ཀྱི་སྟོབས་ལ་བརྟེན་ནས་དམ་ཚིག་ལས་མི་འདའ་བར་སྐྱོང་མཛད་དུ་གསོལ་ཞེས་ཞུ་བ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

"མ་ནུ་ནི་རྗེས་སུ། པཱ་ལ་ཡ་ནི་སྐྱོང་བ། དེ་བསྡོམས་ན། བདག་ལ་རྗེས་སུ་སྐྱོང་མཛོད་ཀྱེ། ཞེས་པའི་དོན་"[] མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་གསལ་བཤད་མཛད།

ནང་དོན།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"མ་ནུ་པཱ་ལ་ཡ་ཞེས་པ་རྗེས་སུ་སྐྱོངས་ཤིག །ཅེས་བྱ་སྟེ་གང་སྐྱོང་ན་སྔར་བཤད་པའི་དམ་ཚིག་དེའོ།"[] ཅེས་གསུངས། ཨ་ཁུ་ཤེས་རབ་རྒྱ་མཚོས་ཀྱང་"མ་ནུ་པྰ་ལ་ཡ་རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་ཞེས་པའོ།"[] ཞེས་གསུངས། མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་རྒྱས་བཤད་མཛད་པ་ལྟར་ན། "ཚེ་གཅིག་མི་སློབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་དམ་ཚིག་སྤྱིར་མི་དགེ་བ་བཅུ་སྤོང་བ་དང་། བྱེ་བྲག་སོར་བྱང་སྔགས་གསུམ་གྱི་དམ་སྡོམ་བསྲུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ལ། མ་བསྲུང་ན་ངན་སོང་དང་མནར་མེད་དུ་སྐྱེ་བར་འགྱུར་བས་ཕུང་འཚེངས་ཤིན་ཏུ་ཆེ་བས་ན། བདག་སོགས་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་ཟབ་མོའི་རྗེས་སུ་འཇུག་པ་ལ་སྐུ་གསུང་ཐུགས་གསང་བ་ཟབ་མོའི་ཕྱག་རྒྱ་ལས་ནམ་ཡང་མི་འདའ་བའི་ཡེ་ཤེས་རྡོ་རྗེས་སྐྱོངས་ཤིག་ཅེས་པའོ།"[]

ཀློག་ཚུལ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"མཚམས་སྦྱོར་གྱི་དབང་གིས་ཀླད་ཀོར་མ་རུ་བསྒྱུར་བས་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པའོ།"[] ཞེས་གསུངས།

རྒྱབ་རྟེན་དཔེ་ཆ།

[རྩོམ་སྒྲིག]
  1. མཁན་པོ་དཔལ་ལྡན་ཤེས་རབ། གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་།
  2. སི་ཏུ་ཆོས་ཀྱི་འབྱུང་གནས། ཡིག་བརྒྱའི་འགྲེལ་བ།
  3. ཨ་ཁུ་ཤེས་རབ་རྒྱ་མཚོ། ཡིག་བརྒྱའི་འགྲེལ་བ།
  4. མཁན་པོ་དཔལ་ལྡན་ཤེས་རབ། གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་།
  5. སི་ཏུ་ཆོས་ཀྱི་འབྱུང་གནས། ཡིག་བརྒྱའི་འགྲེལ་བ།