མ་ནུ་
མཐོང་རིས་
མ་ནུ་ ་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་"རྗེས་སུ"ཞེས་པའི་དོན་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་རང་གི་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བྱེད་དང་དམ་ཚིག་སྲུང་སྐྱོབ་ཀྱི་རྗེས་སུ་སྐྱོང་བ་ཞེས་བསྐུལ་བའི་གསོལ་འདེབས་ཤིག་ཡིན། དེ་ཡང་སྔོན་གྱི་དམ་ཚིག་དྲན་པ་དང་ལས་འབྲས་གཉིས་ཀའི་ཚུལ་བཞིན་རིག་པའི་ཟུར་ནས་རང་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བྱེད་དང་བསྲུང་སྐྱོབ་ཀྱི་རྗེས་སུ་སྐྱོང་བ་ཞེས་བཅུ་བའི་སྐད་ཆ་ཞིག་ཡིན།
སྒྲ་བཤད།
[རྩོམ་སྒྲིག]མ་ནུ་ནི་"རྗེས་སུ"ཡི་དོན་ཏེ།[༡]
དོན།
[རྩོམ་སྒྲིག]ལ་ལར་མ་ནུ་པའི་དོན་གཞན་དུའང་བསྒྱུར་ཏེ། : "མ་ནུ་པྰ་ལ་ཡ་རྗེས་སུ་ཟུང་ངམ། རྗེས་སུ་སྐྱོང་བའི་ཆེད་དུ་ཞེས་པའོ། "[༢]
སྦྱོར་ཚུལ།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་ནང་དུ་"ས་མ་ཡ་མ་ནུ་"ཞེས་སྦྱོར་ཏེ། : "མཚམས་སྦྱོར་གྱི་དབང་གིས་ཀླད་ཀོར་མ་རུ་བསྒྱུར་བས་ས་མ་ཡ་མ་ནུ་ཞེས་པའོ།"[༣]
དོན་གནད་ཆེ་བ།
[རྩོམ་སྒྲིག]- "སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ།"[༤]