མ་དག་པའི་སྦྱིན་པ་སོ་གཉིས།
མ་དག་པའི་སྦྱིན་པ་སོ་གཉིས།
[རྩོམ་སྒྲིག]བསད་ཤ་དུག་དང་མཚོན་ཆ་ཆང་། །གཞན་ནོར་མཛའ་ལ་སྟེར་བ་དང་། །ཕྱིས་ནས་རྙེད་ཕྱིར་དམན་པ་རྣམས། །བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མཐུ་དང་འཇབ་བུ་གཡོ་ཐབས་ཀྱིས། །ནོར་བླངས་དགེ་བ་བྱེད་པ་དང་། །གཞན་གྱིས་བཏབ་པ་སྦྱིན་པ་དང་། །ལོག་ལྟ་མ་དད་ཕན་བཏག་ལེན། །མེ་ཆུ་རྒཡལ་སྟེར་འཇིགས་ཕྱིར་ཏེ། །བསྡུ་ཕྱིར་བསྟོད་ཕྱིར་རོལ་མོ་མཁན། །སྐར་མཁན་ནད་ཕྱིར་སྐྱོངས་ནས་སྟེར། །རྣམ་སྨིན་རང་ཉིད་ལང་ཚོ་རྒས། །ན་དང་འཆི་ཚེ་བསྐུལ་ནས་མཆོད། །ཡུལ་གཞན་གྲགས་ཕྱིར་ཕོད་བསྟན་ཕྱིར། །བུད་མེད་ཕྱིར་དང་བུ་མེད་ཕྱིར། །འདི་དག་མ་དག་སྦྱིན་པ་འོ། །ཞེས་པ་སྟེ། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ༡.བསད་ཤ་དང་། ༢.དུག་དང་། ༣.མཚོན་ཆ། ༤.ཆང་། ༥.གཞན་ནོར་མཛའ་ལ་སྟེར་བ། ༦.ཕྱིས་ནས་རྙེད་ཕྱིར། ༧.དམན་པ་བོར་ནས་ཕྱུག་པ་རྣམས་ལ་སྟེར། ༨.མཐུ་དང་། ༩.འཇབ་བུ། ༡༠.གཡོ་ཐབས་ཀྱི་ནོར་བླངས་དགེ་བ་བྱེད་པ། ༡༡.གཞན་གྱིས་བཏབ་པ་སྦྱིན་པ་དང་། ༡༢.ལོག་ལྟ། ༡༣.མ་དད། ༡༤.ཕན་བཏག ༡༥.ལེན། ༡༦.མེ། ༡༧.ཆུ། ༡༨.རྒྱལ་སྟེར། ༡༩.འཇིགས་ཕྱིར་སྟེ། ༢༠.བསྡུ་ཕྱིར། ༢༡.བསྟོད་ཕྱིར། ༢༢.རོལ་མོ་མཁན། ༢༣.སྐར་མཁན། ༢༤.ནད་ཕྱིར་སྨན་པ་སྐྱོངས་ནས་སྟེར། ༢༥.རྣམ་སྨིན། ༢༦.རང་ཉིད་ལང་ཚོ་རྒས། ༢༧.ན་དང་། ༢༨.འཆི་ཚེ་བསྐུལ་ནས་མཆོད། ༢༩.ཡུལ་གཞན་གྲགས་ཕྱིར། ༣༠.ཕོད་བསྟན་ཕྱིར། ༣༡.བུད་མེད་ཕྱིར། ༣༢.བུ་མེད་ཕྱིར། འདི་དག་མ་དག་སྦྱིན་པའོ། །