Jump to content

བྷ་ཝ་

ཡོང་ཁུངས་Wikipedia

བྷ་ཝ་ཞེས་པ་ནི་སངས་རྒྱས་ཀྱི་སྐད་སཾ་སྐྲྀ་ཏའི་ཐ་སྙད་དེ་བོད་སྐད་དུ་མཛོད་ཅིག་དང་། དངོས་པོ། རང་བཞིན་སོགས་ཀྱི་དོན་དུ་འགྱུར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་སྔགས་ནང་འདི་ཐེངས་མང་པོ་འབྱུང་ཞིང་། གཙོ་བོར་བསྐུལ་ཚིག་གི་དོན་དུ་འཇུག་པ་ཞིག་ཡིན།

སྒྲ་བཤད་དང་གོ་དོན།

[རྩོམ་སྒྲིག]

བྷ་ཝ་ནི་སཾ་སྐྲྀ་ཏའི་སྐད་དོད་དེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། "བྷ་ཝ་ནི་དངོས་པོའི་རང་བཞིན་དུ་མཛོད།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "བྷ་ཝ་ཞེས་པ་པཉྩ་མིའི་མཐའ་ཅན་ཏེ་མཛོད་ཅིག་ཅེས་སོ།"[] ཞེས་གསུངས།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "བྷ་ཝ་ནི་མཛོད་ཅིག།"[] ཞེས་གསུངས།

ཨ་ཁུ་ཤེས་རབ་རྒྱ་མཚོས། "བྷ་ཝ་བདག་གི་ཆེད་དུ་འམ་བདག་ལ་བརྟན་པའི་དངོས་པོའམ་རང་བཞིན་དུ་མཛོད།"[] ཞེས་གསུངས།

ཡི་གེ་བརྒྱ་པའི་ནང་གི་བྷ་ཝ།

[རྩོམ་སྒྲིག]

ཡི་གེ་བརྒྱ་པའི་སྔགས་ནང་བྷ་ཝ་ཞེས་པ་ཐེངས་མང་པོ་འབྱུང་སྟེ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། བཛྲི་བྷ་ཝ་སོགས་འབྱུང་ངོ་།


སུ་པོ་ཥྱོ་མེ་བྷ་ཝ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "སུ་ནི་ལེགས་པར། པོ་ཥྱོ་ནི་རྒྱས་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་རྒྱས་པར་བདག་མཛོད་ཅིག།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "དེའང་བདག་ཤིན་ཏུ་རྒྱས་པར་མཛོད་ཅེས་པ་སྟེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་པའི་དོན་ནོ།"[] ཞེས་གསུངས།


སྒྲའི་གཞུང་ལུགས་ཀྱི་བཤད་པ།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "བྷ་ཝ་ཞེས་པ་པཉྩ་མིའི་མཐའ་ཅན་"[] ཞེས་གསུངས་པ་ལྟར་འདི་ནི་སཾ་སྐྲྀ་ཏའི་སྒྲའི་གཞུང་ལུགས་ལྟར་ན་བསྐུལ་ཚིག་གི་དབང་གི་མཐའ་ཅན་ཞིག་ཡིན།

འབྲེལ་ཡོད་ཤོག་ངོས།

[རྩོམ་སྒྲིག]

ལུང་ཁུངས།

[རྩོམ་སྒྲིག]
  1. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  2. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༥
  3. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༦
  4. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༡
  5. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༠
  6. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༦
  7. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༥

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]
  • པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
  • སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  • ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  • མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
"https://bo.wikipedia.org/w/index.php?title=བྷ་ཝ་&oldid=152492"ལས་སླར་རྙེད་སོང།