བློ་བཟང་དར་རྒྱས

ཡོང་ཁུངས་Wikipedia

བློ་བཟང་དར་རྒྱས།

ཨ་རིའི་བོད་པ་ཁེ་ལས་བ་གྲགས་ཆེན་ཞིག་ཡིན།

File:བློ་བཟང་དར་རྒྱས

མི་ཚེ[རྩོམ་སྒྲིག]

བློ་བཟང་དར་རྒྱས་ལགས་ནི་བོད་དུ་སྐྱེས་ཤིང་། ར་ལུག་གི་རྫི་བོ་བྱེད་བཞིན་ནར་སོན་པ་ཡིན། ཁོ་རང་དགུང་ལོ་བཅུ་གསུམ་སྟེང་ཕ་མའི་བཀའ་དང་བསྟུན་ནས་རབ་ཏུ་བྱུང་། ལོ་ངོ་བཅུ་བཞིའི་སྟེང་ནས་བཟུང་ཁང་བ་བཅུས་བཀོད་དང་བཟོ་བསྐྲུན་གྱི་ལས་ལ་ཞུགས་ཤིང་། བོད་དང་རྒྱ་གར་སོགས་སུ་དགོན་པའི་མཆོད་རྟེན་དང་སྟོན་སྐུ་བཞེངས་བའི་ཕྱོགས་ལ་སློབ་སྦྱོང་དང་ལག་ལེན་གང་མང་བྱས།

སྤྱི་ལོ ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་སེ་ཡ་ཐོ་ནས་ཡོངས་བའི་ལྕམ་མོ་རྗེ་ཉེ་སེ་བེ་དབེ་དགུ་ནོ་ (Janis Wignall ) ཡི་རོགས་པའི་འོག་ཨ་རིར་སླེབས། ཁོ་རང་ཐོག་མར་ཨ་རིར་སློབ་དུས་དབྱིན་ཇི་ཡང་ལེགས་པོ་ཞིག་མི་ཤེས་མོད། འོན་ཀྱང་ལོ་ལྔའི་དམིགས་འབེན་ཆེན་པོ་གཉིས་བཞག གཅིག་ནི་ཨ་རིའི་གཏན་སྡོད་འཛིན་བྱང་ལེན་རྒྱུ་དང་། གཞན་གཅིག་ནི་རང་ལ་དབང་བའི་ཁྱིས་གཞིས་གསར་བ་ཞིག་བསྐྲུན་རྒྱུ་དེའོ།

བློ་བཟང་དར་རྒྱས་ཀྱིས་སྤྱི་ལོ་༢༠༠༤་ལ་རབ་བྱུང་བའི་སྡོམ་པ་བཏང་ཞིང་། ཨ་རིའི་ལུས་རྩལ་པ་གྲགས་ཅན་Andre Agassi ཡི་སྲིང་མོ་Tami Agassi དང་ཆང་ས་རྒྱབ་ཅིང་། ད་ལྟ་ཁོང་གཉིས་ལ་བུ་མོ་ཆུང་ཆུང་ཞིག་ཡོད།

File:Tami Agassi

ཚོང་ལས[རྩོམ་སྒྲིག]

བློ་བཟང་དར་རྒྱས་ལགས་ཀྱིས་ལོ་བདུན་གྱི་རིང་ལ་གློག་འཕྲིན་ལས་ཁུངས་ཞིག་ (Sprint)ཏུ་ཕྱག་ལས་གཉེར་ཞིང་། ལོ་བཞིའི་རིང་རང་ཉིད་ཀྱི་གཉེན་ཆས་ཀུང་ཟི་ཞིག་ཀྱང་གཉེར། དེ་རྗེས་སྤྱི་ལོ་༢༠༠༥ ལོར་ཨ་རིའི་མངའ་སྡེ་ཧྭ་ཤིན་ཐོན་དུ་དར་རྒྱས་ཁེ་ལས་ཟེར་བའི་ཀུང་ཟི་ཞིག་བཙུགས།

དར་རྒྱས་ཁེ་ལས[རྩོམ་སྒྲིག]

དར་རྒྱས་ཁེ་ལས་སམ་ Dargey Enterprises ཞེ་བ་དེ་ནི་ཨ་རིའི་མངའ་སྡེ་ཧྭ་ཤིན་ཐོན་ (Washington State)གྱི་གྲོང་ཁྱེར་Everett ་ཟེར་བ་དེ་ན་ཡོད་ཅིང་། ལས་ཀ་གཙོ་བོ་ཁང་བ་བཟོ་བཀོད་དང་འཛུགས་སྐྲུན་བྱེད་པ་སོགས་ཡིན། ད་ལྟ་བར་དུ་དར་རྒྱས་ཁེ་ལས་ཀྱིས་ལས་གཞི་གཤམ་གསལ་དག་འགྲུབ་དང་སྒྲུབ་བཞིན་ཡོད།

༡ Everett ཁྲོམ་ར་ཆེན་མོ། Everett Public Market ཆེ་ཆུང་།50000+ ft2 =4645.152+ m2

༢ Cogswell སློབ་གླིང་གི་ཐོག་ཁང་། Cogswell College Building ཆེ་ཆུང་། 25000+ ft2 =2322.576+ m2

༣ པོ་ཏ་ལ་གྲོང་། Potala Village ཆེ་ཆུང་། 180000+ ft2 =16722.5472+ m2

༤ པོ་ཏ་ལ་ལྕོག་མཁར། Potala tower


ཡོངས་ཁུངས[རྩོམ་སྒྲིག]

http://www.bizjournals.com/seattle/stories/2009/10/05/smallb1.html

https://web.archive.org/web/20141028200311/http://www.dargeyenterprises.com/index.html