བླ་མ་བསྟན་པ་སྒྲོན་མེ
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་བསམ་བཞིན་དུ་ཕྱི་ལོ༡༥༤༢ལོར་མོན་སྦེ་གར་ཡུལ་དུ་ཡབ་ཇོ་བོ་དར་རྒྱས་སྲས་སུ་སྐུ་ཁྲུངས། དེ་ཡང་དུས་རབས་༡༥ནང་ཡབ་ཇོ་བོ་དར་རྒྱལ་དང་ཡུམ་ཨུ་སེན་རྣམས་གཉིས་ནང་དུ་བཞུགས་ཡོད་པའི་སྐབས་དེར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་བསོད་སྙོམས་ལ་བྱོན་པའི་སྐབས་ཡབ་ཡུམ་རྣམ་གཉིས་ཀྱིས་ནང་དུ་གདན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། སྐབས་དེར་གྲུབ་ཆེན་ལྷན་དུ་ཡབ་ཀྱིས་ཀྱང་ཆང་ཀཱ་པ་ལི་དྲུག་དང་ཕྱེད་ཀ་རྫོགས་པར་བཏུང་ཅིག་ཕྱེད་ཀ་ལུས།སྐབས་དེར་གྲུབ་ཐོབ་ཞལ་ནས་ཇོ་བོ་ཁྱོད་ལ་བུ་བདུན་ཡོང་བ་འདུག་སྟེ།བུ་གཅིག་ཕན་མི་ཐོགས་གཞན་དྲུག་ནང་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཞིག་འོང་བ་འདུག །ཀཱ་པ་ལི་དེ་ནས་མཁའ་འགྲོ་མ་འགྲོ་བ་བཟང་མོའི་དབུ་ཐོད་ཡིན་པས་ཇོ་བོ་ཁྱོད་ལ་དད་པའི་རྟེན་དུ་བཞག་གོ་གསུངས་ནས་གནང་ངོ་།དེ་ཡིན་དུས་བླ་མ་བསྟན་པ་སྒྲོན་མེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་འམ་བླ་མ་ལྕགས་ཟམ་དབང་པོའི་ལུང་བསྟན་གནང་བ་ཡིན།ཕྱི་ལོ་༡༥༤༩ལོར་བོད་ལ་ཕེབས་ནས་མཁན་པོ་རོལ་པའི་རྡོ་རྗེ་དྲུང་དུ་དགེ་ཚུལ་སྡོམས་པ་བཞེས་མཚན་ལ་བློ་བཟང་བསྟན་པ་སྒྲོན་མེ་ཞེས་གསོལ།༧སྐབས་མགོན༧རྒྱལ་བ་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔའ་བཟང་པོ་མཆོག་གི་ཞལ་སྔ་ནས་བསྙན་རྫོགས་ཀྱི་སྡོམས་པ་ཞུས། གཞན་ཡང་དབང་ལུང་མན་ངག་ཆ་ཚང་བ་གསན་ཞིག་གནང་ནས་སེ་རྭ་རྩེར་སྒྲུབ་པ་མཛད་པའི་སྐབས་མགོན་པོ་ཕྱག་དྲུག་ཞལ་དཟིགས་བྱུང་།ཕྱི་ལོ་༡༥༨༨ ལོར་བླ་མ་བློ་བཟང་བསྟན་པའི་སྒྲོན་མེ་སླར་མོན་ལ་ཕེབས་ནས་ཐོགས་མ་ལྷ་ངེས་སྟེང་དགོན་པ་ཕྱག་བཏབ་དུས་ད་ཡང་མཇལ་རྒྱུ་ཡོད།དེ་བཞིན་མོན་ཤར་ཕྱོགས་སུ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་མཛད་པ་ཡིན།
དགོན་པ་ཆགས་གྲུབ་ནས་བཟུང་ད་ལྟའི་བར་གྱི་ལོ་རྒྱུས་རགས་རིམ་ཙམ་འགོད་པ།
ཟླ་ལྔ་པའི་ཚེས་༢༠ལ་རྒྱལ་སྲས་བསྟན་པ་སྒྲོན་མེ་སྐུ་མཆོད།
དེ་ལྟ་བུ་ཡུལ་འདིར་སྔོན་གྱི་དུས་སུ། མཁའ་འགྲོ་མ་འགྲོ་བ་བཟང་མོ་དང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ།ཀརྨ་རང་བྱུང་རྡོ་རྗེ། གྲུབ་ཆེན་ཐང་སྟོང་རྒྱལ་པོ།གཏེར་སྟོན་པདྨ་གླིང་པ། གཙང་སྟོན་རོལ་པའི་རྡོ་རྗེ། རྒྱལ་བ་བསོད་ནམས་རྒྱལ་མཚོ། རྒྱལ་སྲས་བསྟན་པ་སྒྲོན་མེ།