བྲག་འགོ་
མཐོང་རིས་
ཞིན་ཧྭ་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། ཟླ4པའི་ཚེས10ཉིན་གྱི་ཆུ་ཚོད17དང་སྐར་མ02སྟེང་དུ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་འགོ་རྫོང་དུ་ཚད་རིམ5.3ཅན་གྱི་ས་ཡོམ་བྱུང་འདུག རྫོང་མཁར་ཡོངས་སུ་གློག་ཆད་པ་དང་། ཁང་བ་སྐོར་ཞིག་ལ་གས་ཁ་ཤོར་འདུག དཀར་མཛེས་དང་དར་རྩེ་མདོ་སོགས་སུ་ཡང་ས་ཡོམ་གྱི་ཚོར་བ་མངོན་གསལ་རེད་ཟེར།