བྱེ་བ་ཁྲག་ཁྲིག་
བྱེ་བ་ཁྲག་ཁྲིག་ཅེས་པ་ནི་བོད་ཀྱི་གྲངས་རིས་ཀྱི་ཐོབ་ཚད་ཅིག་སྟེ། ཁྲི་ཁྲག་ཚར་གཅིག་བམ་བྱེ་བ་གཅིག་ལ་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡུད་པའི་འགྲེལ་པ་དུ་མར་སྒྱུ་མ་མཁན་གྱིས་སྐྱེ་བོ་ཕལ་ཆེར་གྱི་མགོ་བྱེ་བ་ཁྲག་ཁྲིག་གཅོད་པའི་དཔེ་དང་སྦྲགས་ནས་མང་དུ་བེད་སྤྱོད་བྱས་ཡོད། དེ་དག་གིས་ཕན་ཚུན་གྱི་མགོ་བྱེ་བ་ཁྲག་ཁྲིག་ཏུ་གཅོད་པའི་འཕྲུལ་སྟོན་པ་ལ་གོ་བ་ཞིག་ཡིན། དེ་ནི་བྱང་ཆུབ་སེམས་དཔས་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ནས་ཉེས་སྤྱོད་ལ་མི་འཇིགས་པའི་གོ་ཆ་བསྟན་པའི་དཔེ་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]བྱེ་བ་ནི་གྲངས་ཀྱི་ཚོད་ལ་མཚོན་ན་ཤིན་ཏུ་ཆེ་བའི་གྲངས་ཅིག་ལ་ཟེར་ཞིང་། ཁྲག་ཁྲིག་ཀྱང་གྲངས་ཀྱི་ཚོད་ལ་མཚོན་ན་ཤིན་ཏུ་ཆེ་བའི་གྲངས་ཅིག་ལ་ཟེར། དེ་གཉིས་ཀ་ལྷན་དུ་སྦྱར་ན་ཤིན་ཏུ་མང་པོ་ཞེས་པའི་དོན་ཡིན།
དགོས་དོན།
[རྩོམ་སྒྲིག]སྒྱུ་མའི་དཔེ་དོན་དཔྱད་གཞིའི་ཡིག་ཆ་ཁག་ཏུ་བྱེ་བ་ཁྲག་ཁྲིག་ཞེས་པ་འདི་སྒྱུ་མ་མཁན་གྱི་དཔེ་དང་སྦྲགས་ཏེ་དྲངས་ཡོད། "སྒྱུ་མ་མཁན་གྱིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོའི་ཚོགས་ཆེན་པོ་སྤྲུལ་པར་བྱས་ཏེ། སྒྱུ་མས་སྤྲུལ་པའི་སྐྱེ་བོ་ཕལ་མོ་ཆེ་གཅིག་གིས་ཅིག་མགོ་མང་པོ་བརྒྱ་འམ་སྟོང་ངམ་བྱེ་བ་ལ་སོགས་པ་ཇི་སྙེད་ཅིག་གཅོད་པར་བྱེད་པའི་ཚོགས་རྣམ་པར་སྤྲུལ་ཀྱང༌།"[༡] ཞེས་གསུངས་ཏེ། འདིར་བྱེ་བ་ཞེས་པ་ནི་ཤིན་ཏུ་མང་པོའི་དོན་དུ་བྱུང་ཡོད། འདི་དང་འདྲ་བར་"སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མགོ་རྣམ་པ་མང་པོ་བྱེ་བ་གཅོད་པར་བྱེད་པ།"[༢] ཞེས་གསུངས་ཏེ། འདིར་ཀྱང་བྱེ་བ་ཞེས་པ་ནི་ཤིན་ཏུ་མང་པོའི་དོན་དུ་དྲངས་ཡོད། ཆོས་ཀྱི་འགྲེལ་བཤད་ནང་བཀོལ་སྤྱོད། "དེ་དག་གཅིག་གིས་གཅིག་གི་མགོ་མང་པོ་བྱེ་བ་སོགས་ཀྱི་གྲངས་ལྟ་བུ་གཅོད་པར་བྱེད་པའི་སྒྱུ་བསྟན་ཀྱང་།"[༣] ཞེས་གསུངས་ཏེ། འདིར་བྱེ་བ་སོགས་ཞེས་པ་ནི་བྱེ་བ་ལས་ལྷག་པའི་ཤིན་ཏུ་མང་པོའི་དོན་དུ་དྲངས་ཡོད། "སྐྱེ་བོ་ཕལ་ཆེར་ཏེ་ཕལ་མོ་ཆེ་དག་གི་མགོ་མང་པོ་བྱེ་བ་གཅོད་པར་བྱེད་པའི་འཕྲུལ་བ་བསྟན་པའི་ཚེ།"[༤] ཞེས་གསུངས་ཏེ། འདིར་ཀྱང་བྱེ་བ་ཞེས་པ་ནི་ཤིན་ཏུ་མང་པོའི་དོན་དུ་བེད་སྤྱོད་ཐོན་ཡོད།
དོན་གནད།
[རྩོམ་སྒྲིག]བྱེ་བ་ཁྲག་ཁྲིག་ཅེས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་གི་སྟོང་པ་ཉིད་ཀྱི་ལྟ་བ་སྟོན་པའི་དཔེ་ཞིག་ཡིན། སེམས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ཡང་ཀུན་རྫོབ་ཏུ་སྣང་བ་འདི་ནི་སྒྱུ་མ་དང་འདྲ་བ་ཡིན་པའི་ཕྱིར། དེ་ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་གྱི་སྡུག་བསྔལ་ལ་འཇིགས་པ་མེད་པར་བསྟན་པ་ཡིན།
གྲངས་ཀྱི་ཚོད།
[རྩོམ་སྒྲིག]བྱེ་བ་ནི་བརྒྱ་འམ་སྟོང་ངམ་བྱེ་བ་ལ་སོགས་པ་ཞེས་བྱས་ཏེ། བརྒྱ་ནས་བྱེ་བ་བར་གྱི་གྲངས་ཀ་ཞིག་ལ་ཟེར་བ་ཡིན་ཞིང་། ཁྲག་ཁྲིག་ཀྱང་དེ་དང་འདྲ་བའི་ཤིན་ཏུ་ཆེ་བའི་གྲངས་ཅིག་ལ་ཟེར། དེ་གཉིས་ཀ་ལྷན་དུ་སྦྱར་བས་ཤིན་ཏུ་ཚད་མེད་པའི་མང་པོ་ཞེས་པའི་དོན་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས།27
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས། ༣༣
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོང་ངོས། 9b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༡༢a