བྱུར་དམར་ཉེར་ལྔ་

ཡོང་ཁུངས་Wikipedia

སྦྱོར་སྡེ།[རྩོམ་སྒྲིག]

བྱུ་རུ། གླ་རྩི། ཨ་རུ། མུ་མེན་སོགས་སྨན་སྣ་ཉེར་ལྔས་གྲུབ༎

ཕན་ནུས།[རྩོམ་སྒྲིག]

རིན་ཆེན་འདི་ཡིས་མགོ་ཡི་ནང་རྩའི་ནད༎ རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་།། ལྟག་པར་དགྱེ་གུག་བརྒྱལ་འཐིབས་མ་ལུས་སེལ༎

བསྟེན་ཚུལ།[རྩོམ་སྒྲིག]

ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།

འཛེམ་བྱ།[རྩོམ་སྒྲིག]

མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་། རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎

ལྗིད་ཚད།[རྩོམ་སྒྲིག]

རིལ་བུ་རེ་ལ་ཁེ་༡དང་ཐུམ་རེར་རིལ་བུ་༥ཡོད།

ཉར་ཚགས།[རྩོམ་སྒྲིག]

སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།