བྱམས་བརྩེ་ཚོགས་པའི་ཁོར་ཡུག་སྲུང་སྐྱོབ་ལས་ཚན་
མཐོང་རིས་
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བྱམས་བརྩེ་ཚོགས་པས་༢༠༠༨ལོ་ནས་མགོ་བཟུང་ལག་བསྟར་བྱས་པའི་སྤྱི་ཕན་ལས་ཚན་ཞིག་ཡིན་པ་དང་། དེ་ནི་གྲོང་སྡེ་དང་གྲོང་སྡེ་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དགོས་པ་མི་དམངས་ཀྱི་ཁྲོད་ཁྱབ་བསྒྲགས་བྱེད་པ། ལྷག་པར་དུ་དེང་སང་མིས་བཟོས་པའི་རྐྱེན་གྱི་རང་རེ་འཚོ་གནས་བྱེད་ཡུལ་མ་ཡུམ་ལྟ་བུའི་རང་བྱུང་ཁོར་ཡུག་ལ་ཉམས་ཆག་དང་འཐོར་ཞིག་འགྲོ་བ་དེར་སྲུང་སྐྱོབ་བྱེད་པའི་འོས་འགན་མི་སོ་སོར་ཡོད་པའི་གནས་ལུགས་ཤོག་ཁྲ་དང་དེབ་ཆུང་། བརྙན་སྟོན་ཆས་བཅས་ཀྱི་སྒོ་ནས་སྒྲོགས་བཤད་བྱེད་པ་ཡིན།