བྱ་རྔ་མོང་

ཡོང་ཁུངས་Wikipedia

བྱ་རྔ་མོང་ Struthio camelus

བྱ་དེ་བྱ་རྔ་མོང་ཚན་གྱི་བྱ་རྔ་མོང་སྐོར་ལས་རིགས་གཅིག་པུ་ཉིད་ཡིན་པ་དང་།ཧྥེ་གླིང་གི་མྱ་ངམ་ཐང་དུ་འཚོ་ཞིང་ད་ཡོད་འདབ་ཆགས་རིགས་ཀྱི་ལུས་བོངས་ཆེ་ཤོས་ཀྱི་བྱ་ཡིན་ལ། སྐེ་རིང་ཞིང་སྟེང་དུ་སྤུ་མེད། སུག་པ་གཉིས་ཧ་ཅང་རིང་།

ངོ་སྤྲོད[རྩོམ་སྒྲིག]

བྱ་དེ་བྱ་རྔ་མོང་ཚན་གྱི་བྱ་རྔ་མོང་སྐོར་ལས་རིགས་གཅིག་པུ་ཉིད་ཡིན་པ་དང་། ཧྥེ་གླིང་གི་མྱ་ངམ་ཐང་དུ་འཚོ་ཞིང་ད་ཡོད་འདབ་ཆགས་རིགས་ཀྱི་ལུས་བོངས་ཆེ་ཤོས་ཀྱི་བྱ་ཡིན་ལ། ཕོ་བྱའི་གཟུགས་ཀྱི་རིང་ཚད་ལ་སྨི2.5ཡོད། ལུས་ཡོངས་ནས་སྤུ་དཀར་ནག་གཉིས་ཀྱིས་ཁྱབ་ཡོད་ལ། སྐེ་རིང་ཞིང་སྟེང་དུ་སྤུ་མེད། སུག་པ་གཉིས་ཧ་ཅང་རིང་། བྱ་རྔ་མོང་ལ་གཤོག་པ་ཡོད་ཀྱང་འཕུར་མི་ཐུབ་པ་དང་། བང་མྱུར་ཤིན་ཏུ་ཆེ་བ་སྟེ་ཆུ་ཚོད་རེར་སྟོང་སྨི80ལ་ཟིན་གྱི་ཡོད། བྱ་རྔ་མོང་གིས་སྤྱིར་རྩི་ཤིང་ཟ་བ་དང་སྐབས་འགར་འབུ་སྲིན་དང་ལྟོ་འགྲོའི་སྲོག་ཆགས་ཆུང་ངུ་ཡང་ཟ་བ་རེད། བྱ་རྔ་མོང་ལ་འཕུར་རྩལ་མེད་པའི་རྒྱུ་མཚན་ནི་གཟུགས་གཞི་ཆེ་དྲགས་པའི་ཁར་གཤོག་པ་ཡང་ཤིན་ཏུ་ཉམས་ཡོད་པས་ཡིན། ཕོ་བྱའི་མཐོ་ཚད་ལ་སྨི2.5དང་གཟུགས་གཞི་ཆེས་ཆེ་བའི་ལྗིད་ཚད་ལ་སྟོང་ཁེ155ལྷག་ཡོད། མོ་བྱའི་གཟུགས་གཞི་ཅུང་ཆུང་།

སྐྱེ་འཕེལ[རྩོམ་སྒྲིག]

བྱ་རྔ་མོང་གི་སྐྱེ་འཕེལ་དུས་ཚིགས་ནི་ས་ཆ་མི་གཅིག་པས་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡང་མི་གཅིག ཧྥེ་གླིང་བྱང་མ་དང་ཤར་མ་ནས་ཆར་ཉུང་བའི་དུས་ཚིགས་ཟླ་བདུན་པ་ནས་ཕྱི་ལོའི་ཟླ་དང་པོར་ཚང་བཅའ་བ་ཡིན། དུས་རྒྱུན་དུ་ཉིན་གཉིས་ཀྱི་ནང་སྒོ་ང་གཅིག་རེ་གཏོང་བ་དང་ཉིན་འགའི་ནང་སྒོ་ང10-20བར་ཡོད། ཚང་གཅིག་གི་ནང་བྱ་འགའ་རེ་ཡིས་སྒོ་ང་གཏོང་ངེས་ཡིན་པས་ཚང་རེ་ནས་སྒོ་ང50-60བར་ཡོད། སྒོ་ངའི་ཆེ་ཆུང་ལ་ལི་སྨི15-20དང་ལྗིད་ཚད་ལ་ཁེ1400ལྷག་ཡོད། འདབ་ཆགས་ཀྱི་སྒོ་ངའི་ཁྲོད་ཆེས་ཆེ་བའི་སྒོ་ང་ཡིན། མི་གཅིག་གི་ལྗིད་ཚད་འདེགས་ཐུབ། སྒོ་ང་རུམ་ཡུན་ནི་ཉིན40-42བར་ཡིན།

འཚོ་བའི་གོམས་གཤིས[རྩོམ་སྒྲིག]

བྱ་རྔ་མོང་ནི་ཚོ་ཚོ་བྱས་ནས་སྡོད་པའི་འདབ་ཆགས་ཡིན་ལ། ཉིན་དཀར་འགུལ་སྤྱོད་བྱེད་པའི་འདབ་ཆགས་ཀྱི་རིགས་ཡིན། བྱེ་ཐང་དང་མྱ་ངམ་ཐང་ཆེན་ནས་འཚོ་བ་རོལ་པར་འཕྲོད། དྲི་ཚོར་དང་རྣ་དབང་རྣོན་པོ་ཡོད། རྒྱུགས་ན་ཧ་ཅང་མགྱོགས། གཟན་དུ་གཙོ་བོ་རྩྭ་དང་ལོ་མ། འབྲས་བུ། ཡལ་ཕྲན། ཁུ་བ་མང་པའི་རྩི་ཤིང་། སྡོང་བའི་རྩད་པ་སོགས་ཟ་བ་ཡིན་ལ། དེ་མིན་རྨིགས་པ་དང་སྦྲུལ། བྱ་ཕྲུག འོ་འཐུང་སྲོག་ཆགས་ཆུང་གྲས། འབུ་སྲིན་སོགས་ཀྱང་ཟ་བ་ཡིན།

ཁྱབ་ཡུལ[རྩོམ་སྒྲིག]

་ཨ་ཧྥི་རི་ཀ་གླིང་དང་ཨ་མེ་རི་ཀ་མེ་གླིང་ལ་ཁྱབ་ཡོད། གཙོ་བོ་ཧྥི་གླིང་གི་མྱ་ངམ་ཐང་དུ་འཚོ་སྡོད་བྱས་ཡོད།